

ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་འདོན་སྤྲོད་བྱས་པའི་པར་འདི་ལས་ཁྲའོ་ཞན་གྱི་ཆེས་མཐོའི་མཐོ་ཁྲིད་པ་ཅིན་ཀྲིན་ཨིན་ཁྲའོ་ཞན་མི་དམངས་དམག་དཔུང་གི་གསོ་སྦྱོང་པའི་ཚོགས་ཆེན་ཐེངས་ལྔ་བར་ཞུགས་ཡོད། ཁྲའོ་ཞན་མི་དམངས་དམག་དཔུང་གི་གསོ་སྦྱོང་པའི་ཚོགས་ཆེན་ཐེངས་ལྔ་བ་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཕེན་རང་ནས་ཚོགས། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་མགོ་རྩོམ་པ་དང་མཇུག་བསྡུ་བའི་ཞུ་ཚིག་ཕུལ། ཅིན་ཀྲིན་ཨིན་གྱིས་དངོས་སུ་གཟི་བརྗིད་མཚན་སྙན་ཐོབ་པའི་ཁྲའོ་ཞན་མི་དམངས་དམག་དཔུང་གི་དམག་དཔོན་དག་ལ་བྱ་དགའི་རྟགས་མ་དང་དཔང་ཡིག་བྱིན། དེའི་རྗེས་སུ་ཅིན་ཀྲིན་ཨིན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ། ཁོས་བསྟན་དོན། མིག་སྔར་ཁྲའོ་ཞན་མི་དམངས་དམག་དཔུང་གི་མདུན་དུ་ལྷགས་པའི་ཆེས་གལ་ཆེ་བའི་ལས་འགན་ནི་གསོ་སྦྱོང་ཐད་ནས་འགྱུར་ལྡོག་གསར་བ་བྱུང་བ་དང་། ཁྲའོ་ཞན་ངལ་རྩལ་ཏང་གི་འཐབ་ཇུས་འདོད་བློ་དང་འཚ