
ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་ཚེས་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེ་དང་ཨ་མེ་རི་ཁས་ཟླ་ལྔ་བའི་ཚེས་དགུ་ཉིན་ནས་བཟུང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་མཉམ་འབྲེལ་སྦྱོང་བརྡར་བྱེད་རྒྱུ་ཡིན་ཟེར།
ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་དང་ཨ་མེ་རི་ཁས་ཚེས་དགུ་ཉིན་ནས་བཟུང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་སུམ་བརྒྱར་གསོ་སྦྱོང་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཡང་བསྐྱར་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་སུམ་བརྒྱ་ལ་གསོ་སྦྱོང་བྱེད་རྒྱུ་ཡིན། ད་ལོའི་ལོ་མཇུག་གི་བར་ཐུར་ཁེ་དང་ཨ་མེ་རི་ཁས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་སྟོང་གཉིས་ལ་གསོ་སྦྱོང་བྱེད་རྩིས་ཡོད་ཟེར།
ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་གསོ་སྦྱོང་དང་སྒྲིག་ཆས་དང་ལེན་བྱས་རྗེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་དགོས་པར་མ་ཟད། སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལའང་ཆམ་ཕབ་གཏོང་དགོས་ཟེར།
ཐུར་ཁེའི་རང་དབང་ཚགས་པར་གྱིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་མི་བརྒྱ་དང་ཉེར་གསུམ་ཐུར་ཁེའི་ལྷོ