ཧྥེ་ལེ་པེན་དང་འཇར་པན་གྱིས་ཐོག་དང་པོར་མཚོ་ཐོག་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཧྥེ་ལེ་པེན་གྱི་མཚོ་དམག་གིས་ཉེ་སྔོན་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། ཧྥེ་ལེ་པེན་དང་འཇར་པན་གྱིས་ཚེས་བཅུ་གཉིས་ཉིན་མཱ་ནེ་ལཱ་མཚོ་ཁུགས་དང་སུའུ་པུས་ཁི་མཚོ་ཁུགས་བར་གྱི་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར། དེ་ནི་ཧྥེ་ལེ་པེན་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་སྤེལ་བའི་མཚོ་ཐོག་གི་དམག་དོན་སྦྱོང་བརྡར་བྱ་འགུལ་ཐོག་མ་རེད།

ཧྥེ་ལེ་པེན་གྱི་མཚོ་དམག་གི་ཐུན་མོང་འབྲེལ་བའི་དཔོན་པོ་ལིན་ཁྲུའུ་ནཱ་ཡིས་བཤད་རྒྱུར། ཧྥེ་ལེ་པེན་གྱི་ལཱ་མིན་ཨ་ཨར་ཁཱ་ལཱ་སི་རྟགས་ཅན་གྱི་སྐོར་ཞིབ་གྲུ་གཟིངས་དང་། འཇར་པན་མཚོ་ཐོག་རང་སྲུང་རུ་ཁག་གི་སྦྲང་ཆར་རྟགས་ཅན་དང་སྨུག་སྤྲིན་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་གཉིས་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་ཡིན་ཟེར།

འཇར་པན་གྱི་མཐར་སྐྲོད་གྲུ་གཟིངས་གཉིས་པོས་མིག་སྔར་སོ་མཱ་ལིའི་ཉེ་འདབས་མཚོ་ཁོངས་ནས་མཚོ་ཇག་ལ་ཆམ་ཕབ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་ཏེ་ཕྱིར་རྒྱལ་ནང་དུ་ཆས་བཞིན་ཡོད་པ་དང་། ཚེས་དགུའི་ཉིན་གྱི་ཉིན་གུང་མཱ་ནེ་ལཱའི་ལྷོ་ཕྱོགས་གྲུ་ཁར་འབྱོར། འཇར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་གི་དཔོན་དམག་དྲུག་བརྒྱ་ལྷག་སྔ་གཞུག་ཏུ་སྐམ་སར་བུད་པ་དང་། ཧྥེ་ལེ་པེན་ཕྱོགས་ཀྱི་འགེབས་སྲུང་