འཇར་པན་དང་ཨ་མེ་རི་ཁ། ཧྥ་རན་སི་བཅས་ཀྱིས་མཉམ་འབྲེལ་སྒོས་མཚོ་ཐོག་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

འཇར་པན་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། འཇར་པན་དང་ཨ་མེ་རི་ཁ། ཧྥ་རན་སི་བཅས་ཀྱིས་ཅིག་ཀྲིག་ནུབ་ཕྱོགས་ཀྱི་མཚོ་ཁོངས་ནས་མཉམ་འབྲེལ་སྒོས་མཚོ་ཐོག་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། དེ་ནི་འཇར་པན་གྱི་ཉེ་འདབས་མཚོ་ཁོངས་ནས་འཇར་པན་དང་ཨ་མེ་རི་ཁ། ཧྥ་རན་སི་བཅས་ཕྱོགས་གསུམ་གྱིས་སྤེལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ཐོག་མ་རེད། ཕྱོགས་གསུམ་གྱི་དམག་དོན་སྦྱོང་བརྡར་སྤེལ་བའི་དུས་ཚོད་ནི་ཟླ་ལྔ་བའི་ཚེས་བཅུ་དྲུག་དང་བཅུ་བདུན། ཉེར་གསུམ་བཅས་ཡིན། ཨ་མེ་རི་ཁ་དང་ཧྥ་རན་སིའི་དམག་གྲུ་ཁྲང་ཡེ་རྫོང་ཙོ་ཧྲི་པའོ་གྲོང་ཁྱེར་དུ་འདུག་རྒྱུ་ཡིན་པ་རེད། ཧྥ་རན་སིའི་སྐམ་ཆུ་གཉིས་སྤྱོད་ཀྱི་གྲུ་གཟིངས་ཤིག་དང་ཨ་མེ་རི་ཁའི་འགོག་སྲུང་གྲུ་གཟིངས་ཤིག འཇར་པན་རང་སྲུང་རུ་ཁག་གི་སྐྱེལ་འདྲེན་གྲུ་གཟིངས་ཤིག དེ་མིན་གྱེན་འཕུར་གནམ་གྲུ་འགའ་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་རེད། སྐབས་ཐོག་དེར་འཇར་པན་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་གྱེན་འཕུར་གནམ་གྲུ་གྲུ་སྟེང་ནས་འཕུར་འབབ་བྱེད་པར་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། འཇར་པན་དང་ཨ་མེ་རི་ཁས་འཕྲིན་གཏོང་སྦྱོང་བརྡར་སྤེལ་རྒྱུ་རེད་ཟེར།