ཨ་མེ་རི་ཁས་རྒྱལ་ཁབ་ཉི་ཤུ་ལྷག་གདན་དྲངས་ནས་སྐམ་མཚོ་གཉིས་ཀྱི་འཐབ་རྩལ་ལ་གྲོས་བསྡུར་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གིས་གཟའ་འཁོར་རྗེས་མར་རྒྱལ་ཁབ་བཅུ་ཕྲག་འགའི་དམག་ཕྱོགས་འཐུས་མི་དང་མཉམ་དུ་གྲོས་ཚོགས་བསྡུ་རྒྱུ་ཐག་བཅད་ཡོད་པ་དང་། གྲོས་གཞི་ནི་སྐམ་མཚོ་གཉིས་ཀྱི་འཐབ་རྩལ་ཡིན་ལ། དམིགས་ཡུལ་ནི་ཕྱིན་ཆད་རྒྱལ་ཁབ་མང་བོའི་སྐམ་མཚོ་གཉིས་ཀྱི་འཐབ་རྩལ་སྦྱོང་བརྡར་བྱ་འགུལ་རྩ་འཛུགས་བྱེད་པའི་ཆེད་རེད།

ལུའུ་ཐིག་གསར་འགྱུར་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། དེ་ནི་ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གིས་ཐོག་དང་པོར་རིགས་དེ་འདྲའི་གྲོས་ཚོགས་བསྡུས་པ་རེད། གྲོས་ཚོགས་དེ་ཚེས་བཅོ་བརྒྱད་ཉིན་ནས་མགོ་རྩོམ་རྒྱུ་ཡིན་པ་དང་། ཚོགས་ཡུལ་ཞཱ་ཝེ་ཡེ་རེད། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ལྷག་གི་སྐམ་མཚོ་གཉིས་ཀྱི་དམག་དཔུང་གདན་ཞུ་བྱས་ཡོད་པ་དང་། དེའི་ནང་ཕྱེད་ཀ་ཙམ་ནི་ཨེ་ཤ་ཡཱ་གླིང་གི་རྒྱལ་ཁབ་ཡིན་ལ། འཇར་པན་དང་ཧྥེ་ལེ་པེན། ཡོ་ནན་སོགས་འདུས་ཟེར།

ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། གྲོས་ཚོགས་ཀྱི་བརྗོད་སྙིང་ནི་སྐམ་མཚོ་གཉིས་ཀྱི་ཐོལ་རྒོལ་འཐབ་རྩལ་དང་སྐམ་སར་འབུད་པའི་སྦྱོང་བརྡར་ཡིན་ཟེར། གདན་ཞུ་ཐོབ་པའི་རྒྱལ་ཁབ་ཀྱི་དམག་དཔོན་དག་གིས་ཚེས་བཅུ་དགུའི་ཉིན་ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གི་སྦ