ཨུ་རུ་སི་དང་ཅིར་ཅི་སི་སི་ཐན་གྱིས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་འཁོར་སྐར་དྲ་བས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་མཁའ་འབབ་དམག་དཔུང་གི་གསར་འགྱུར་ཁྲུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་མཁའ་འབབ་དམག་དཔུང་ཨུ་རུ་སི་དང་ཅིར་ཅི་སི་སི་ཐན་གྱིས་ཟླ་ལྔ་བའི་ཟླ་མཇུག་ལ་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ཟེར།

ཨུ་རུ་སིའི་མཁའ་འབབ་དམག་དཔུང་གི་མྱུལ་ཞིབ་དམག་དཔུང་གིས་ཉེ་སྔོན་ཅིར་ཅི་སི་སི་ཐན་གྱི་ཁང་ཐི་དམག་དོན་རྟེན་གཞི་ནས་མཁའ་འབབ་བྱས། ཐེངས་འདིའི་སྦྱོང་བརྡར་ཁྲོད་དབྱེ་ཝན་ནོའུ་བོ་མཁའ་འབབ་དམག་དཔུང་གི་དམག་མི་ཉིས་བརྒྱ་ལྔ་བཅུ་དང་དམག་དོན་སྒྲིག་ཆས་ཉི་ཤུ་མངག་གཏོང་བྱེད་རྒྱུ་རེད།

བསྒྲགས་པ་ལྟར་ན། ཨུ་རུ་སིའི་མཁའ་འབབ་དམག་ཞུགས་པའི་དམག་དོན་སྦྱོང་བརྡར་དེ་དུས་རིམ་གཉིས་སུ་བགོ་རྒྱུ་ཡིན་པ་དང་། དེའི་ནང་མཁའ་འབབ་དམག་དང་ཨུ་རུ་སིའི་དམག་དཔུང་གཞན་པས་ཨུ་རུ་སིའི་དམག་དོན་སྒྲིག་ཆས་ཁྲོད་ཕྱི་ཡུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྦྱོང་བརྡར་སྤེལ་རྒྱུ་རེད་ཟེར།

གསར་འགྱུར་ཁྲུའུ་ཡིས་བསྟན་དོན། མཁའ་འབབ་དམག་དཔུང་གིས་ད་རུང་ཅིར་ཅི་སི་སི་ཐན་གྱི་དྲག་ཆས་དམག་དཔུང་དང་མཉམ་དུ་དམིགས་བསལ་གྱི་འཐབ་རྩལ་དང་དངོས་འཐབ་སྦྱོང་བརྡར་བྱེད་རྒྱུ་རེད། མཁའ་འབབ་