
ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་ཉེར་བཞིའི་ཉིན་ཀི་ལུའུ་ཅི་ཡཱ་ནས་མཇུག་སྒྲིལ།
ཉིན་དེར་ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སི་ཉེ་འདབས་ཀྱི་ཝ་ཅཱ་ནེ་དམག་དོན་རྟེན་གཞི་ནས་སྤེལ་བའི་མཇུག་བསྡུའི་མཛད་སྒོའི་སྟེང་། ཀི་ལུའུ་ཅི་ཡཱའི་ཙུང་ཐུང་མཱ་ཨར་ཀི་ཝེ་ལཱ་ཧྲི་ཝེ་ལེ་ཡིས་ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁའི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་མི་བཅུ་ལ་བྱ་དགའི་རྟགས་མ་བྱིན།
མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་ཝ་ཅཱ་ནེ་དམག་དོན་རྟེན་གཞི་ནས་སྤེལ་བ་རེད། ཀི་ལུའུ་ཅི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་འདྲ་རིས་སྟེང་གི་ལད་མོའི་སྦྱོང་བརྡར་དང་། ཕྱི་རོལ་གྱི་སྦྱོང་བརྡར། མདེའུ་དངོས་མའི་སྦྱོང་བརྡར་བཅས་འདུས་པ་དང་། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་དམག་མི་བསྡོམས་པས་དྲུག་བརྒྱ་ཙམ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས། ཨ་མེ་རི་ཁའི་དམག་དཔུང་གིས་མཁའ་འབབ་དམག་མི་དང་རྐང་དམག་ཉིས་བརྒྱ་ཙམ་མངག་ཡོད་པར་མ་ཟད། ཡོ་རོབ་གླིང་ནས་པུའུ་ལཱ་ཏི་ལེ་རྟགས་ཅན་གྱི་འཁྲབ་ལྡན་འཁོར་ལོ་འགའ་དམག་དོན་སྦྱོང་བརྡར་ལ་ཞུགས