ལི་ཐའོ་ཝན་གྱིས་ཉིས་སྟོང་བཅོ་ལྔ་ལོའི་རལ་གྲིའི་ཆམ་ཕབ་ཅེས་པའི་རྒྱལ་ཁབ་མང་བོའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ལི་ཐའོ་ཝན་གྱིས་ཚེས་བརྒྱད་ཉིན་ཕཱ་པུའུ་ལཱ་ཏི་དང་རོའུ་ཁི་ལཱ་ཡི་དམག་དོན་རྟེན་གཞི་གཉིས་ནས་ཉིས་སྟོང་བཅོ་ལྔ་ལོའི་རལ་གྲིའི་ཆམ་ཕབ་ཅེས་པའི་རྒྱལ་ཁབ་མང་བོའི་དམག་དོན་སྦྱོང་བརྡར་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་སྤེལ།

ལི་ཐའོ་ཝན་གྱི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ལི་ཐའོ་ཝན་གྱི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་མི་རྣམས་ནི་སོ་སོར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨ་མེ་རི་ཁ་དང་། ལི་ཐའོ་ཝན། ཁཱ་ནཱ་ཏཱ། ཧྥ་རན་སི། འཇར་མན། ཕུའུ་ཐའོ་ཡཱ། སི་ལོ་ཝུན་ནེ་ཡཱ་བཅས་ནས་ཡོང་བ་དང་། དམག་མིའི་ཁ་གྲངས་སྟོང་གཉིས་ལས་བརྒལ་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་རལ་གྲིའི་ཆམ་ཕབ་ཅེས་པའི་བྱ་འགུལ་དེ་དུས་མཉམ་དུ་ལི་ཐའོ་ཝན་དང་ལཱ་ཐའོ་ཝེ་ཡཱ། ཨེ་སོ་ནི་ཡཱ། ཕའོ་ལན་བཅས་ནས་སྤེལ་རྒྱུ་ཡིན་པ་དང་། སྦྱོང་བརྡར་ལ་ཞུགས་པའི་དམག་མི་རྣམས་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་གསུམ་ནས་ཡོང་བ་ཡིན་ལ། དམག་མིའི་ཁ་གྲངས་སྟོང་དྲུག་ཙམ་ཡོད། ཉིས་སྟོང་བཅོ་ལྔ་ལོའི་རལ་གྲིའི་ཆམ་ཕབ་ཅེས་པའི་རྒྱལ་ཁབ་མང་བོའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དག་གིས་རོགས་རེས་འཐབ་འཛིང་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་