འཇར་པན་དང་ཧྥེ་ལེ་པེན་གྱིས་ལྷོ་ཕྱོགས་རྒྱ་མཚོ་ནས་སྔོག་བཤེར་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

འཇར་པན་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ཚེས་བརྒྱད་ཉིན་བཤད་རྒྱུར། འཇར་པན་དང་ཧྥེ་ལེ་པེན་གྱིས་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་ཀྲུང་གོའི་ལྷོ་ཕྱོགས་རྒྱ་མཚོ་ནས་མཉམ་འབྲེལ་གྱི་སྔོག་བཤེར་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། འཇར་པན་རྒྱལ་སྲུང་པུའུ་ཡིས་མཚོ་ཐོག་རང་སྲུང་རུ་ཁག་གིP-3Cརྟགས་ཅན་གྱི་སྐོར་གཡེང་གནམ་གྲུ་མངག་གཏོང་བྱེད་རྩིས་ཡོད་ཟེར། སྦྱོང་བརྡར་སྤེལ་སྐབས་འཇར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་དང་ཧྥེ་ལེ་པེན་གྱི་མཚོ་དམག་གི་ཁོངས་མིP-3Cརྟགས་ཅན་གྱི་སྐོར་གཡེང་གནམ་གྲུར་བསྡད་དེ། བར་སྣང་ནས་བྲེལ་མྱུར་རོགས་སྐྱོར་བྱེད་པའི་གྲུ་གཟིངས་ཤིག་སྔོག་བཤེར་བྱས་ཏེ་རྨས་མ་མྱུར་སྐྱོབ་བྱེད་རྒྱུ་རེད། འབྲེལ་ཡོད་མི་སྣས་དེའི་ནང་དོན་མང་བོ་མ་བཤད། ཐུན་མོང་འཕྲིན་གཏོང་ཚོགས་པའི་དཔྱད་བརྗོད་ལས་བཤད་རྒྱུར། སྦྱོང་བརྡར་དེ་ནི་འཇར་པན་རང་སྲུང་རུ་ཁག་དང་ཧྥེ་ལེ་པེན་གྱི་དམག་དཔུང་བར་གྱི་མཐུན་སྦྱོར་ཞིག་ཡིན་པ་མངོན་གསལ་རེད་ཟེར། ཉེ་བའི་དུས་སྐབས་ཤིག་ལ་འཇར་པན་དང་ཧྥེ་ལེ་པེན་གྱི་དམག་དོན་མཉམ་འབྲེལ་བྱ་འགུལ་ཇེ་མང་དུ་སོང་བ་དང་། ཕྱོགས་གཉིས་ཀྱིས་ཟླ་ལྔ་བའི་ཚེས་བ