
བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། པའོ་ལོ་ཏི་མཚོ་ཁུལ་གྱི་འགུལ་སྐྱོད་ཀྱི་ལོ་ཧྲིལ་བོའི་མཚོ་དམག་གི་དམག་དོན་སྦྱོང་བརྡར་གྱི་ནང་དོན་ཅིག་ཡིན་པའི་ཆ་ནས། བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་མང་བོའི་དམག་དཔུང་གིས་ཉིན་དེར་ཕོ་ལན་བྱང་ཕྱོགས་ཀྱི་མཚོ་འགྲམ་ཞིག་ནས་མཚོ་སྐམ་གཉིས་ཀྱི་འཐབ་འཁྲུག་སྦྱོང་བརྡར་བྱ་འགུལ་སྤེལ།
དབྱིན་ཇི་དང་ཨ་མེ་རི་ཁ། བྱང་ཆིངས་རྩ་འཛུགས་ཀྱི་གྲོགས་པོའི་རྒྱལ་ཁབ་ཧྥུན་ལན། སུའེ་ཏེན་བཅས་ནས་ཡོང་བའི་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་བདུན་བརྒྱ་དམག་དོན་སྦྱོང་བརྡར་ལ་ཞུགས། ཨ་མེ་རི་ཁ་དང་སུའེ་ཏེན་གྱི་འཐབ་འཛིང་གནམ་གྲུ་དང་ཕར་རྒོལ་གྱེན་འཕུར་གནམ་གྲུས་བར་སྣང་ནས་རྒྱབ་སྐྱོར་བྱས། དམག་དོན་སྦྱོང་བརྡར་སྤེལ་སྐབས་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་མཚོ་འགྲམ་བདག་ཏུ་བཟུང་བའི་དགྲ་བོའི་དམག་དཔུང་ཕམ་པར་བྱེད་པར་ལད་མོ་བྱས། དབྱིན་ཇིའི་རྒྱ་མཚོ་རྟགས་ཅན་གྱི་མཚོ་སྐམ་གཉིས་བགྲོད་ཀྱི་ཕར་རྒོལ་གྲུ་གཟིངས་དང་ཨ་མེ་རི་ཁའི་ཧྲིན་ཨན་ཏུང་ནེ་ཨོ་རྟགས་ཅན་གྱི་མཚོ་སྐམ་གཉིས་བགྲོད་ཀྱི་འཐབ་འཛིང་གྲུ་གཟིངས་དམག་དོན་སྦྱོང་བརྡར་ལ་ཞུགས།
བྱང་ཆིངས་རྩ་འཛུགས་ཀྱི་ཆེས་མཐོའི་དམག་དོན་དཔོན་པོ། ཡོ་རོབ་གླིང་མནའ་འབྲེལ་དམག་