
འཇར་པན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་འབྲེལ་བར་ཆ་རྒྱུས་ཡོད་པའི་མི་སྣས་ཉེ་སྔོན་བཤད་རྒྱུར། འཇར་པན་རང་སྲུང་རུ་ཁག་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་ཆེས་མཐོའི་དཔོན་པོས་ཟླ་བདུན་པའི་ཟླ་དཀྱིལ་ལ་ཝ་ཧྲིན་ཏོན་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོས་རྒྱུན་ཆད་མེད་པར་མཚོ་ཐོག་སྟོབས་ཤུགས་ལ་ཡར་སྐུལ་གཏོང་བའི་གནས་ཚུལ་འོག་རྒྱལ་ཁབ་གཉིས་ཀྱི་མནའ་མཐུན་ལ་ཤུགས་པའི་དོན་ལ་གྲོས་བསྡུར་བྱེད་ངེས་རེད་ཟེར།
བསྒྲགས་པ་ལྟར་ན། འཇར་པན་རང་སྲུང་རུ་ཁག་གི་སྤྱི་ཁྱབ་ཇུས་འདོན་པ་ཧི་ཡེ་ཁི་ཅོན་དང་ཨ་མེ་རི་ཁའི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཕུའུ་ཞི་གཉིས་ཀྱིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་རྒྱལ་སྲུང་སློབ་ཆེན་ནས་འཐབ་ཇུས་གྲོས་མོལ་བྱེད་པའི་རེ་བ་ཡོད། དེ་ནི་རྒྱལ་ཁབ་གཉིས་ཀྱིས་ན་ནིང་ཟླ་བཞི་བའི་ཚུན་གྱི་གྲོས་མོལ་ཐེངས་གཉིས་པ་ཡིན་པ་དང་། དམག་ཕྱོགས་ཀྱི་ཆེས་མཐོའི་མགོ་ཁྲིད་པ་གཉིས་ཀྱིས་ཁྱབ་ཁོངས་སྤྱིར་བཏང་གི་གྲོས་མོལ་ལས་ཆེ་བའི་གནད་དོན་རབ་དང་རིམ་པར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།
བསྒྲགས་པ་ལྟར་ན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བརྟན་འཇགས་མངོན་འགྱུར་བྱེད་ཆེད། རྒྱལ་ཁབ་གཉིས་ཀྱིས་ཟླ་བཞི་བའི་འགོག་སྲུང་མཉམ་ལ