བྱང་ཆིངས་རྩ་འཛུགས་ཀྱིས་མཚོ་ནག་ས་ཁུལ་ནས་མཉམ་འབྲེལ་མཚོ་དམག་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

7月10日,保加利亚海军“利什特尔尼”号护卫舰在演习中发射反潜导弹。.jpg

ཟླ་བདུན་པའི་ཚེས་བཅུའི་ཉིན། པུར་ཀ་རི་ཡཱའི་མཚོ་དམག་གི་ལེ་ཧྲི་ཐི་ཨར་ནེ་རྟགས་ཅན་གྱི་འགེབས་སྲུང་གྲུ་གཟིངས་ཀྱིས་དམག་དོན་སྦྱོང་བརྡར་སྤེལ་སྐབས་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའ་གཏོང་འཕེན་བྱེད་བཞིན་པ།

ཚབ་མིང་ལ་ཉིས་སྟོང་བཅོ་ལྔ་ལོའི་འཇམ་རླུང་ཞེས་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་མཚོ་དམག་གི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཚེས་བཅུའི་ཉིན་པུར་ཀ་རི་ཡཱའི་མཚོ་ནག་གི་ཆེད་གཏོགས་དཔལ་འབྱོར་ས་ཁུལ་ནས་སྤེལ་མགོ་བརྩམས། ཨ་མེ་རི་ཁ་དང་ཞི་ལཱ། རོ་མཱ་ནི་ཡཱ། སི་ཕན། ཕུའུ་ཐའོ་ཡཱ། ཧི་ལན། ཐུར་ཁེ། པུར་ཀ་རི་ཡཱ་བཅས་ཀྱི་གྲུ་གཟིངས་སུམ་ཅུ་དང་མཚོ་དམག་སྟོང་གཅིག་དང་བདུན་བརྒྱ་མཉམ་འབྲེལ་གྱི་མཚོ་དམག་གི་དམག་དོན་སྦྱོང་བརྡར་ལ་ཞུགས།

ཉིན་དེར་མཚོ་ཐོག་མེ་གསོད་དང་མཚོ་ཐོག་མཁའ་སྲུང་། མཚོ་ཐོག་རྒུད་སྐྱོབ། མཚོ་ཇག་ལ་ཆམ་ཕབ་གཏོང་བ། མཉམ་འབྲེལ་གྱིས་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བ་སོགས་ནང་དོན་ཐད་ནས་སྦྱོང་བརྡར་བྱས། པ