
ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་བདེན་དཔང་བྱས་དོན། ཨུ་རུ་སིའི་མཐའ་སྲུང་དམག་དཔུང་དང་འཇར་པན་གྱི་མཚོ་ཐོག་བདེ་སྲུང་ཐིན་གྱི་མི་སྣས་ཟླ་འདིའི་ཚེས་ཉེར་གཉིས་ཉིན་ཨུ་རུ་སིའི་སཱ་ཧཱ་ལིན་གླིང་ཕྲན་ཉེ་འདབས་ཀྱི་ཨ་ནེ་ཝ་མཚོ་ཁུགས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་ཟཤེར། ཨུ་རུ་སིའི་འཁོར་སྐར་གསར་འགྱུར་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་མི་སྣས་བཙན་འཛུལ་གྱི་གྲུ་གཟིངས་འཛིན་བཟུང་བྱེད་པ་དང་རྒྱ་མཚོར་ནུབ་པའི་གྲུ་གཟིངས་ཤིག་སྐྱོབ། མཚོ་ཐོག་ནས་མི་སྐྱོབ་པ་སོགས་ལ་ལད་མོའི་སྦྱོང་བརྡར་བྱེད་རྒྱུ་རེད་ཟེར། འཇར་པན་མཚོ་ཐོག་བདེ་སྲུང་ཐིན་གྱིས་དམག་དོན་སྦྱོང་བརྡར་ལ་སྐོར་གཡེང་གྲུ་གཟིངས་ཤིག་མངག་གཏོང་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་སྐོར་གཡེང་གྲུ་གཟིངས་དང་མཐའ་སྲུང་འགེབས་སྲུང་གྲུ་གཟིངས། གྱེན་འཕུར་གནམ་གྲུ་བཅས་མངག་གཏོང་བྱེད་རྒྱུ་རེད། སྦྱོང་བརྡར་བྱ་འགུལ་དེར་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་སཱ་ཧཱ་ལིན་ཀྲིག་གི་མཐའ་སྲུང་བདེ་འཇགས་ཀྱི་འགན་ཁུར་བའི་དཔོན་པོ་ཁུའུ་ཏི་ལི་ཡཱ་ཧྲའོ་ཧྥུའུ་དང་འཇར་པན་མཚོ་ཐོག་བདེ་སྲུང་ཐིན་གྱི་ཡན་ལག་རུ་ཁག་དང་པོའི་ཇུས་