
བྱང་ཆིངས་རྩ་འཛུགས་ཀྱིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ད་ལོའི་ཟླ་བཅུ་བ་དང་ཟླ་བཅུ་གཅིག་པར་ཡོ་རོབ་གླིང་ནས་ལོ་ངོ་བཅུ་ལྷག་རིང་གི་གཞི་རྒྱ་ཆེས་ཆེ་བའི་ཉིས་སྟོང་བཅོ་ལྔ་ལོའི་རྩེ་གསུམ་མདུང་མོ་ཁ་སྤྲོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།
བྱང་ཆིངས་རྩ་འཛུགས་ཀྱི་མགྲིན་ཚབ་པ་ལོན་ཅེ་སི་ཁུའུ་ཡིས་གསར་འགྱུར་ལས་རིགས་ཀྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་དོན། ཉིས་སྟོང་བཅོ་ལྔ་ལོའི་རྩེ་གསུམ་མདུང་མོ་ཁ་སྤྲོད་ཅེས་པ་ནི་བྱང་ཆིངས་རྩ་འཛུགས་ཀྱིས་ཉིས་སྟོང་གཉིས་ལོའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ཞིག་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དང་གྲོགས་པོའི་རྒྱལ་ཁབ་སུམ་ཅུ་ལྷག་ནས་ཡོང་བའི་དམག་མི་ཁྲི་གསུམ་དང་སྟོང་དྲུག་ཙམ་དབྱི་ཐཱ་ལེ་དང་ཕུའུ་ཐའོ་ཡཱ། སི་ཕན་སོགས་ས་ཁུལ་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། གཞན་ད་རུང་གྲུ་གཟིངས་དྲུག་ཅུ་ལྷག་དང་གནམ་གྲུ་བརྒྱ་དང་བཞི་བཅུ་ལྷག་བཀོལ་སྤྱོད་བྱེད་རྒྱུ་རེད་ཟེར།
དམག་དོན་སྦྱོང་བརྡར་བྱ་འགུལ་དེ་དུས་རིམ་གཉིས་སུ་བགོ་རྒྱུ་ཡིན་པ་དང་། དུས་རིམ་སྔོན་མ་ནི་ཟླ་བཅུ་བའི་ཚེས་གསུམ་ཉིན་ནས་ཟླ་བཅུ་བའི་ཚེས་བཅུ་ད