ཨ་མེ་རི་ཁ་དང་རོ་མཱ་ནི་ཡཱ་སོགས་རྒྱལ་ཁབ་ཀྱིས་མའོ་ཨར་ཏའོ་ཝ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁ་དང་མའོ་ཨར་ཏའོ་ཝ། རོ་མཱ་ནི་ཡཱ། ཕོ་ལན། ཀི་ལུའུ་ཅི་ཡཱ་བཅས་ཀྱི་དམག་མི་བརྒྱད་བརྒྱ་ཙམ་གྱིས་མའོ་ཨར་ཏའོ་ཝ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཚབ་མིང་ལ་ཉིས་སྟོང་བཅོ་ལྔའི་ཐུན་མོང་འབད་བརྩོན་ཞེས་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཚེས་བཅུ་དགུ་ཉིན་ནས་མགོ་བརྩམས་པ་དང་། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་བར་སྤེལ་རྒྱུ་རེད། དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ས་ནི་མའོ་ཨར་ཏའོ་ཝའི་གྲོང་ཁྱེར་ཆེན་པོ་གཉིས་པ་པའོ་ཨར་ཆིའི་དམག་དོན་རྟེན་གཞི་ཞིག་རེད། དམག་དོན་སྦྱོང་བརྡར་གྱི་མཐུན་སྦྱོར་མི་སྣ་ལུའུ་སུའུ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་གྱི་དམིགས་ཡུལ་ནི་མའོ་ཨར་ཏའོ་ཝའི་དམག་དཔུང་གི་མཐུན་སྦྱོར་འཐབ་འཁྲུག་ནུས་པར་ཚོད་ལྟ་བྱེད་པའི་ཆེད་ཡིན་ཟེར། ལུའུ་སུའུ་ཡིས་དམག་དོན་སྦྱོང་བརྡར་མ་བྱས་གོང་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ད་རུང་མའོ་ཨར་ཏའོ་ཝའི་དམག་མིས་དེང་རབས་ཅན་གྱི་འཕྲིན་གཏོང་སྒྲིག་ཆས་བེད་སྤྱོད་བྱེད་པ་དང་མའོ་ཨར་ཏའོ་ཝའི་དམག་དོན་ཚོད་འཛིན་མ་ལག་ལ་ཤུགས་སྣོན་པར་རོགས་རམ་བྱེད་རྒྱུ་རེད་ཟེར། མའོ་ཨར་ཏའོ་ཝ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཞི་བདེའི་གྲོགས་པོའི་འབྲེལ