ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་བར་དམག་དོན་མཉམ་ལས་སྤེལ་འདོད་ཡོད་པར་བཤད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཨན་ཏུང་ནོའུ་ཧྥུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་བར་དམག་དོན་མཉམ་ལས་སྤེལ་འདོད་ཡོད་ཟེར།

ཨན་ཏུང་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་ཡོ་རོབ་གླིང་གི་རྒྱལ་ཁབ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་བར་མཉམ་ལས་བྱེད་པར་གྲ་སྒྲིག་བྱས་ཡོད་ཀྱང་རེ་ཞུ་ནན་དུ་བྱེད་མི་སྲིད། ང་ཚོས་ཕྱོགས་གཉི་ག་སྤྲོ་བ་ཡོད་པའི་དམག་དོན་དང་དམག་དོན་ལག་རྩལ་གྱི་ཁྱབ་ཁོངས་ནས་མཉམ་ལས་བྱེད་འདོད་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་དེ་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཨུ་རུ་སིའི་ཀྲིག་བཅུ་ནས་དུས་མཉམ་དུ་སྤེལ་རྒྱུ་ཡིན་པ་དང་། བསྡོམས་པས་རྣམ་གྲངས་བཅུ་གཉིས་བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་སྐམ་དམག་གི་རྣམ་གྲངས་དགུ་དང་། མཚོ་དམག་གི་རྣམ་གྲངས་གཅིག མཁའ་དམག་གི་རྣམ་གྲངས་གཉིས་བཅས་ཡོད། དེ་འཁྲབ་ལྡན་འཁོར་ལོ་དང་མེ་སྒྱོགས་དམག་དཔུང་། མཁའ་སྲུང་། རྫས་འགྱུར་མཚོན་ཆའི་འག