ཨ་མེ་རི་ཁས་ཡོ་རོབ་གླིང་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་སྤེལ་བའི་གསལ་སྒྲོག་ཅིག་ལས་བསྟན་དོན། ཡོ་རོབ་གླིང་དུ་གཞི་རྒྱ་ཆེས་ཆེ་བའི་མཉམ་འབྲེལ་བར་སྣང་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ནི་ཟླ་འདིའི་ཚེས་བཅུ་དྲུག་ཉིན་ནས་མགོ་བརྩམས་པ་དང་། ཟླ་རྗེས་མའི་ཚེས་བཅུ་གསུམ་བར་སྤེལ་རྒྱུ་ཡིན། ཨ་མེ་རི་ཁ་དང་པུར་ཀ་རི་ཡཱ། ཧྥ་རན་སི། འཇར་མན། ཞི་ལཱ་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་གཅིག་གི་དམག་མི་སྟོང་ལྔ་ཙམ་སྦྱོང་བརྡར་ལ་ཞུགས་ཡོད། དམག་དོན་སྦྱོང་བརྡར་དེ་འཇར་མན་དང་དབྱི་ཐཱ་ལེ། པུར་ཀ་རི་ཡཱ། རོ་མཱ་ནི་ཡཱ་བཅས་ལ་སྤེལ་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་མནའ་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་གི་འགུལ་སྐྱོད་གཅིག་གྱུར་ཡོང་བར་ཡར་སྐུལ་དང་། ཡོ་རོབ་གླིང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་དམག་དོན་མནའ་མཐུན་རྒྱལ་ཁབ་ཀྱིས་མྱུར་མོར་དམག་དཔུང་བཀོད་སྒྲིག་བྱས་ཏེ་འགུལ་སྐྱོད་སྤེལ་བའི་ནུས་པ་ཇེ་མཐོར་གཏོང་བའི་ཆེད་ཡིན་ཟེར།