
བྱང་ཆིངས་རྩ་འཛུགས་ཀྱི་ཉིས་སྟོང་བཅོ་ལྔ་ལོའི་རྩེ་གསུམ་མདུང་མོའི་བསྣོལ་མཚམས་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་ཁག་ཅིག་ཡིན་པའི་ཆས་ནས། ཧི་ལན་མཚོ་དམག་གིས་ཚེས་ཉེར་གསུམ་ཉིན་སི་ཕན་ལྷོ་ཕྱོགས་ཀྱི་ཅཱ་ཏི་སིའི་ཉེ་འདབས་ནས་སྐམ་སར་བུད་དེ་འཐབ་འཁྲུག་བྱེད་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
ཉིན་དེའི་དམག་དོན་སྦྱོང་བརྡར་ནང་ཞུགས་པའི་དཔོན་དམག་གཙོ་བོ་ནི་ཧི་ལན་གྱི་མཚོ་དམག་གིས་གྲུབ་ཡོད། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་བྱེད་ནུས་མང་བའི་སྐྱེལ་འདྲེན་གྲུ་གཟིངས་བཀོལ་ནས་དམག་དཔུང་མྱུར་མོར་སྐམ་སེར་འབུད་པ་དང་། མུ་མཐུད་དུ་མི་སྣ་སྐྱེལ་འདྲེན་དང་རླངས་འཁོར་མང་བོ་སྐམ་སར་བུད་ནས་འཐབ་འཁྲུག་བྱེད་པ་སོགས་རྣམ་གྲངས་ལ་སྦྱོང་བརྡར་བྱས།
ཧི་ལན་མཚོ་དམག་གི་དམག་སྤྱི་ཁི་ལེ་མའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཧི་ལན་མཚོ་དམག་གིས་བསྡོམས་པས་དཔོན་དམག་སྟོང་གཅིག་དང་ལྔ་བཅུ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་སུ་བཅུག་ཡོད། སྦྱོང་བརྡར་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གང་རུང་ཞིག་གི་བདེ་འཇགས་ལ་འཇིགས་ཉེན་ཐེབས་སྐབས། དེའི་མནའ་མཐུན་གྲོགས་པོས་མཚོ་ཐོག་ནས་རོགས་སྐྱོར་བྱེད་པར་ལད་མོ་བྱས་ཏེ་སྦྱོང་བརྡར་བྱས་པ་ཡིན་ཟེར།