
ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམིགས་བསལ་དམག་དཔུང་གི་དམག་མི་ཉུང་ཤས་མངག་སྟེ། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣར་སྦྱོང་བརྡར་དང་རོགས་འདེགས་བྱེད་རྒྱུ་ཡིན་ཟེར། དེ་ནི་ཨ་མེ་རི་ཁས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་བའི་ཚུན་ལ་ཐོག་དང་པོར་སི་རི་ཡཱ་རུ་ས་ངོས་དམག་དཔུང་མངག་གཏོང་བྱས་པ་རེད།
ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨིག་ནེ་སི་ཐི་ཡིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་མི་གྲངས་ལྔ་བཅུ་ཡང་མེད་པའི་དམིགས་བསལ་དམག་དཔུང་གི་དམག་མི་མངག་གཏོང་བྱེད་པའི་དབང་ཆ་བསྩལ་བ་དང་། དམག་མི་དེ་དག་གིས་ས་དེའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་སྦྱོང་བརྡར་དང་རོགས་འདེགས་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཙུང་ཐུང་ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་དམག་མི་སྐོར་དེས་ནུས་པ་གལ་ཆེན་འདོན་ཐུབ་པར་རེ་བ་བཅངས་ཡོད་ཟེར།
ཨོ་པཱ་མཱ་ཡིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་དམག་མི་མངག་གཏོང་བྱེད་རྒྱུ་ཐག་བཅད་པ་དེ་