
ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གསར་འགྱུར་ཅུའུ་ཡིས་བསྟན་དོན། ཐའོ་ཨར-M2རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་དེ་ཉིས་སྟོང་བཅུ་དྲུག་ལོར་ཐོག་དང་པོར་པུའུ་ལི་ཡཱ་ཐིའི་ཅིན་ལེན་པཱ་དམིགས་བསལ་ཕྱོགས་བསྡུས་སྦྱོང་བརྡར་ར་བ་ནས་དངོས་སུ་གཏོང་འཕེན་བྱེད་རྒྱུ་ཡིན་པ་དང་། ཉིས་སྟོང་བཅུ་དྲུག་ལོར་གནས་དེ་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་ཐེངས་བཅུ་ཙམ་སྤེལ་རྒྱུ་རེད་ཟེར།
དམག་ཁུལ་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ལོར་ཅིན་ལེན་པཱ་སྦྱོང་བརྡར་ར་བའི་མཁའ་སྲུང་དམག་དཔུང་གི་དངོས་འཐབ་སྦྱོང་བརྡར་ལྟེ་གནས་ནས་མཁའ་སྲུང་དམག་དཔུང་གི་སྦྱོང་བརྡར་བྱ་འགུལ་ཐེངས་བཅུ་ཙམ་སྤེལ་རྒྱུ་ཡིན་པ་དང་། སྦྱོང་བརྡར་སྟེང་བཀོལ་རྒྱུའི་སྒྲིག་ཆས་ལS-400རྟགས་ཅན་དང་S-300རྟགས་ཅན། ཐའོ་ཨར་རྟགས་ཅན་སོགས་མཁའ་སྲུང་འཕུར་མདའི་མ་ལག་ཡོད་ཟེར།
དམག་ཁུལ་གསར་འགྱུར་ཅུའུ་ཡིས་ཀྱང་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོར་ཅིན་ལེན་པཱ་འབེན་རྒྱག་ར་བ་ནས་ཀྱང་མཁའ་སྲུང་དམག་དཔུང་གི་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་རྒྱུ་ཡིན་པ་དང་། ཧཱ་སག་སི་ཐན་དང་ཨུ་རུ་སི་དཀར་པོ། ཡཱ་མཱེ་ནི་ཡཱ་སོགས་རྒྱལ་ཁབ་ཀྱི་འཐུས་མིའི་རུ་ཁག་ཀྱང་འགྲན་བསྡུར་དེར་ཞུགས་རྒྱུའི་འཆར་གཞི་ཡོད་པ་རེད་ཟེར།