དབྱི་སི་རལ་དང་ཨ་མེ་རི་ཁས་འཕུར་མདའ་ལ་རྒོལ་བའི་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་ཡོ་རོབ་གླིང་དམག་སྤྱི་པུའུ་ཡིས་ཉིན་དེར་དབྱི་སི་རལ་ནས་ཚབ་མིང་ལ་ཉིས་སྟོང་བཅུ་དྲུག་ལོའི་ཏུའུ་སུང་དུག་སྦྲུལ་ཞེས་པའི་འཕུར་མདའི་འགོག་སྲུང་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར།

དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཐེངས་འདིའི་འཕུར་མདའི་འགོག་སྲུང་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་བྲེལ་མྱུར་ཆེ་བའི་གནས་ཚུལ་འོག་འཕུར་མདའི་འགོག་སྲུང་དང་མཉམ་དུ་འཐབ་འཛིང་བྱེད་པའི་ནུས་པར་ཤུགས་སྣོན་པའི་ཆེད་དུ་ཡིན། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ལོ་གཅིག་གི་སྔོན་ནས་མགོ་བརྩམས་ཡོད་པ་དང་། དབུས་ཤར་ས་ཁུལ་གྱི་ཆེད་དམིགས་ཀྱི་དོན་རྐྱེན་གང་རུང་ལ་དམིགས་པ་མིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་དང་དབྱི་སི་རལ་གྱི་དམག་དཔུང་གི་དམག་མི་སྟོང་གཅིག་དང་བདུན་བརྒྱ་ལྷག་ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནང་ཞུགས་རྒྱུ་ཡིན་པ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་དབྱི་སི་རལ་དང་ཨ་མེ་རི་ཁ་རྒྱལ་ཁ