ཁྲའོ་ཞན་གྱིས་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་མེ་སྒྱོགས་དམག་དཔུང་གི་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་མི་དམངས་དམག་དཔུང་གཡུལ་སའི་མཉམ་འབྲེལ་དམག་དཔུང་གིས་ཉེ་སྔོན་ཧན་གོའི་རྒྱལ་ས་ཧྲིག་ཨར་ལ་དམིགས་པའི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་རྒྱང་འཕེན་མེ་སྒྱོགས་དམག་དཔུང་གི་སྦྱོང་བརྡར་བྱ་འགུལ་སྤེལ་ཟེར།

བསྒྲགས་པ་ལྟར་ན། སྦྱོང་བརྡར་དེའི་དམིགས་ཡུལ་ནི་ཁྲའོ་ཞན་དགྲ་རུ་འཛིན་པའི་ཧན་གོའི་ཙུང་ཐུང་བཞུགས་ཤག་དང་ཧྲིག་ཨར་གྲོང་ཁྱེར་གྱི་ངོ་ལོག་དབང་བསྒྱུར་ལས་ཁུངས་ལ་ཆམ་ཕབ་གཏོང་བའི་ཆེད་ཡིན་པ་དང་། ཁྲའོ་ཞན་མི་དམངས་དམག་དཔུང་གིས་དབུགས་ཐེངས་གཅིག་གིས་ཨ་མེ་རི་ཁ་དང་ཧན་གོ་ཚར་གཅོད་བྱེད་ཐུབ་པའི་ཟིལ་ཤུགས་མངོན་པའི་ཆེད་ཡིན་ཟེར། བསྒྲགས་པའི་གནས་ཚུལ་ལས་སྦྱོང་བརྡར་བྱ་འགུལ་སྤེལ་བའི་དུས་ཚོད་དང་ས་གནས་གསལ་བོར་གླེང་མེད།

ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་སྦྱོང་བརྡར་འཆར་གཞི་ལ་ཉན་རྗེས་མགོ་རྩོམ་པའི་བཀའ་རྒྱ་བཏང་བ་རེད། ཁོས་སྦྱོང་བརྡར་གྱི་མཇུག་འབྲས་ལ་ཡིད་ཚིམས་པའི་ཚུལ་བསྟན་པར་མ་ཟད། ཁྲའོ་ཞན་མི་དམངས་དམག་དཔུང་གིས་དོགས་ཟོན་མཐོར་འདེགས་བྱས་ཤིང་། ཕར་རྒོལ་གྱི་བཀའ་རྒྱ་འབྱོར་ན། མྱུར་མོར་ཧྲིག་ཨར་གྲོང་ཁྱེར་གྱི་ངོ་ལོག་དབང་བསྒྱུར་ལས་ཁུངས་ལ་དཔུང་འཇུག་བྱས་ཏེ་