ཀི་ལུའུ་ཅི་ཡཱ་ཡིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཕྱོགས་གཞན་པར་དམིགས་པ་མིན་པར་བཤད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཀི་ལུའུ་ཅི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བདུན་ཉིན་བསྟན་དོན། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་མཉམ་འབྲེལ་དུ་ཞུགས་པའི་ཉིས་སྟོང་བཅུ་དྲུག་ལོའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཕྱོགས་གཞན་པ་གང་རུང་ལ་དམིགས་པ་མིན་ཟེར། ཀི་ལུའུ་ཅི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཁྲོད་བཤད་རྒྱུར། ཀི་ལུའུ་ཅི་ཡཱ་ཡིས་རྒྱལ་ཁབ་རང་གི་མངའ་ཁོངས་སུ་རྣམ་པ་གང་རུང་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་དབང་ཆ་ཡོད་པ་དང་། རང་ཉིད་ཀྱི་དམག་དོན་མཉམ་ལས་གྲོགས་པོ་དང་མཉམ་ལས་རྣམ་པ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་ཟེར།