སེ་ཕུའུ་ལུའུ་སི་སོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ་དབུས་ཤར་ས་ཁུལ་གྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

སེ་ཕུའུ་ལུའུ་སི་དང་ཨ་མེ་རི་ཁ། དབྱིན་ཇི་སོགས་རྒྱལ་ཁབ་ཀྱིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་སེ་ཕུའུ་ལུའུ་སི་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། སྦྱོང་བརྡར་ཁྲོད་དབུས་ཤར་ས་ཁུལ་ནས་ཉམས་ཉེན་ཆེན་པོ་བྱུང་བའི་སྐབས་སུ་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བ་སོགས་ཀྱི་ནང་དོན་འདུས། སེ་ཕུའུ་ལུའུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ཚབ་མིང་ལ་ཨར་ཀིའི་དཔའ་བོའི་ཉིས་སྟོང་བཅུ་དྲུག་ཅེས་པ་དེ་ཡིན་ཞིང་། དེ་ནི་སེ་ཕུའུ་ལུའུ་སི་ནས་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་རིགས་མཐུན་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་ལ་ད་རུང་ཧྥ་རན་སི་དང་དབྱི་སི་རལ། དབྱི་ཐཱ་ལེ། ཞི་ལཱ། ཧང་ག་རི་བཅས་འདུས།