
ཨུ་རུ་སིའི་དབུས་ཕྱོགས་དམག་ཁུལ་གསར་འགྱུར་ཁྲུའུ་ཡིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དབུས་ཕྱོགས་དམག་ཁུལ་གྱིས་ཉིན་དེར་ཝུའུ་ལཱ་ཨར་ས་ཁུལ་ནས་མཁའ་དམག་དང་མཁའ་སྲུང་དམག་དཔུང་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས།
ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཟླ་ངོ་གཅིག་འགོར་རྒྱུ་ཡིན་པ་དང་། བསྡོམས་པས་དམག་བཀོལ་གནམ་གྲུ་བཅུ་དྲུག་དང་། གནམ་གྲུའི་ཁ་ལོ་བ་ཉེར་དྲུག ས་ངོས་ཀྱི་བཟོ་སྐྲུན་ལག་རྩལ་མི་སྣ་བརྒྱ་ལྷག་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་རེད། བར་སྣང་སྟོབས་ཤུགས་ཀྱིས་ས་ངོས་དམིགས་འབེན་ལ་གཅིག་བསྡུས་འཕུར་མདའི་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། མུས་ཀི-31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་དགྲ་བོའི་ཚུལ་འཛིན་རྒྱུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལག་བསྟར་བྱེད་པའི་ཆེད་དུ། ཝུའུ་ལཱ་ཨར་ས་ཁུལ་དང་ཞི་ཞི་པའོ་ལེ་ཡཱ་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་མུས་ཀི-31དང་སུའུ-24རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འགའ་པིས་ཨར་མུའུ་མཐའ་མཚམས་ས་ཁུལ་གྱི་དམག་བཀོལ་གནམ་གྲུ་ཐང་དུ་སྤོར་རྒྱུ་རེད།