《རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བརྟག་དཔྱད》ཅེས་པའི་རྒྱ་ཡིག་པར་གཞི་མཚོ་སྔོན་ཡུས་ཧྲུའུ་རུ་ཐོག་མར་འགྲེམས་སྤེལ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ7པའི་ཚེས24ཉིན། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བརྟག་དཔྱད》ཅེས་པའི་རྒྱ་ཡིག་པར་གཞི་དེ་སྐབས་གསུམ་པའི་ཀྲུང་གོའི་རི་སྐྱེས་སྲོག་ཆགས་པར་ལེན་འགྲེམས་སྟོན་ཆེན་མོའི་འགོ་རྩོམ་མཛད་སྒོའི་སྟེང་འཛམ་གླིང་ལ་ཁྱབ་བསྒྲགས་བྱས། དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཞིབ་འཇུག་ཁང་གིས་ཐོག་དང་པོར་ཡུལ་དངོས་བརྟག་དཔྱད་བྱེད་ཐབས་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་ཁམས་ལ་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་འགྲེལ་བརྗོད་བྱས་པའི་མཚོན་ཚུལ་དངོས་ཞིག་དང་།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་བཏོད་པའི་གསོན་ཉམས་ལྡན་པའི་ལེའུ་ཞིག་ཡིན་ལ། མདོ་དབུས་མཐོ་སྒང་གི་རིག་གནས་ཚན་ཞིབ་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཀྱང་རེད།

《རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བརྟག་དཔྱད》ཅེས་པའི་རྒྱ་ཡིག་པར་གཞི་དེ་ཚན་རིག་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལྟེ་བའི་ཁུལ་གྱི་གྲོང་གསེབ20ཡི་གསོན་ཉམས་ལྡན་པའི་དཔེ་མཚོན་ཐོག་ནས་འཛམ་གླིང་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་ཀྲུང་གོའི་གཏམ་རྒྱུད་བཤད་པ་རེད།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་དབུ་བཞུགས་ཆེད་མཁས་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཞིབ་འཇུག་ཁང་གི་འགོ་གཙོ་ལེན་ཡུས་མིན་གྱིས་གཙོ་སྒྲིག་བྱས་པའི་འགོ་བརྗོད་ནང་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མདོ་དབུས་མཐོ་སྒང་གི་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། རི་བོ་དང་ཆུ་བོ་ཁྲི་སྟོང་གི་འབྱུང་ཁུངས།  བྱ་དངོས་ཡོད་ཚད་ཀྱི་འགོ་རྩོམ་ས་སོགས་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པས།    ཀྲུང་ཧྭའི་དཔལ་ཡོན་དང་མིའི་རིགས་དཔལ་ཡོན་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་གོ་གནས་ལྡན་པས། ཀྲུང་གོའི་སྣང་བརྙན་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བའི་རྒྱལ་སྤྱིའི་སྒེའུ་ཁུང་ཞིག་ཏུ་འགྱུར་བཞིན་ཡོད།

《རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བརྟག་དཔྱད》ཅེས་པའི་རྒྱ་ཡིག་པར་གཞི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཞིབ་འཇུག་ཚོགས་པས་ལོ་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་རྫོང45དང་དེ་མིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང6གི་ཡུལ་ཚོ་དང་གྲོང་རྡལ28ལ་བསྐྱོད་དེ། ཁྱིམ་ཚང་དུ་བསྐྱོད་པ་དང་མི་ཐེངས500ལྷག་ཙམ་ལ་ཁ་བརྡ་བྱས་རྗེས་གྲུབ་པའི་ཞིབ་འཇུག་གྲུབ་འབྲས་ཞིག་རེད། གྲུབ་འབྲས་དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་གཞུང་ལུགས་མ་ལག་སློབ་པར་སྲ་བརྟན་གྱི་ལག་ལེན་འདེགས་སྐྱོར་འདོན་སྤྲོད་བྱས་པ་མ་ཟད། རྨ་ཆུའི་འབབ་རྒྱུད་དང་དེ་མིན་རྨ་ཆུའི་རིག་གནས་མ་ལག་བསྐྱར་བསྒྲིགས་བྱེད་པར་བསམ་གཞིགས་གསར་པ་འདོན་སྤྲོད་བྱས་ཡོད།  ལེན་ཡུས་མིན་གྱིས་བསྟན་དོན། རྨ་ཆུའི་སྟོད་རྒྱུད་དང་བར་རྒྱུད། སྨད་རྒྱུད་ཀྱི“དུམ་གསུམ་སྨྲ་བའི”སྐོར་གྱི་སྲོལ་རྒྱུན་གྱི་དབྱེ་འབྱེད་དང་ངེས་ཤེས་ལ་ངེས་པར་དུ་འགྱུར་ལྡོག་བཏང་ནས། ཉི་ཟླ་རི་བོའི་ནུབ་རྒྱུད་ཀྱི“ཆུ་མགོ”ནས་ཁ་གསབ་བྱས་ཏེ། འབྱུང་ཁུངས་དང་སྟོད་རྒྱུད། བར་རྒྱུད། སྨད་རྒྱུད་བཅས་ཀྱི“དུམ་བཞི་སྨྲ་བ”ཆགས་སུ་འཇུག་དགོས་པ་དང་།    “མགོ་ཁུངས”ཀྱི་གོ་གནས་དང་རིན་ཐང་སྔར་ལས་འབུར་དུ་དོད་དེ། གཙང་བོའི་འབྱུང་ཡུལ་གྱི་རིག་གནས་ལ་ཡོད་དགོས་པའི་རིག་གཞུང་གོ་གནས་དང་སྐད་ཆའི་དབང་ཆ་སྟེར་དགོས་པ་དང་། གཙང་བོའི་འབྱུང་ཡུལ་གྱི་རིག་གནས་ལྟེ་བར་བྱས་པའི་མདོ་དབུས་མཐོ་སྒང་གི་གནའ་རྫས་རྟོག་ཞིབ་སྔོག་འདོན་སྲུང་སྐྱོབ་དེ་ཀྲུང་ཧྭའི་རིག་གནས་ཁུངས་འདེད་བཟོ་སྐྲུན་ཁྲོད་འཇུག་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་རང་བྱུང་སྐྱེ་ཁམས་ཀྱི་སྔར་ཡོད་རྣམ་པ་དང་ཆ་ཚང་རང་བཞིན་སྔར་ལས་སྲུང་འཛིན་བྱེད་པར་མཐོང་ཆེན་བྱེད་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོབ་བྱེད་པ། ཆུ་ཁུངས་གསོ་གསོག་ནུས་པ་ཆེ་རུ་གཏོང་བ། རང་བྱུང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། མིས་བཟོས་ཐེ་གཏོགས་ཇེ་ཉུང་དུ་གཏོང་གང་ཐུབ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་རིམ་ངོས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་གཏོད་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཟེར།

《རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བརྟག་དཔྱད》ཅེས་པའི་རྒྱ་ཡིག་པར་གཞི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འབྱུང་ཁུངས་ཞིབ་འཇུག་ཁང་གིས་སྔར་མེད་གསར་གཏོད་བྱས་པའི“རྨ་འབྲི་རྫ་གསུམ་འབྱུང་ཡུལ་རིག་པ”རེད། རོང་པོ་ཀྲུང་གོ་ཁྲུང་ཁྲུང་ཞིབ་འཇུག་རྟེན་གཞི་དང་རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་དང་ཞིབ་འཇུག་རྟེན་གཞི་བཙུགས་རྗེས་བཏོན་པའི་ཞིབ་འཇུག་ཆེད་རྩོམ་གསར་བ་ཡིན་པ་དང་། དེ་ནི“མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད”ཅེས་རྒྱལ་སའི་ཆེད་མཁས་པའི་ཡུས་ཧྲུའུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟག་ཞིབ་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས “མི་དམངས་ལ་ཞབས་འདེགས་ཞུ་བའི” འགན་འཁྲི་སྒྲུབ་པའི་བྱ་འགུལ་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད།  དཔེ་དེབ་གསར་པ་ཁྱབ་བསྒྲགས་བྱེད་སྐབས“རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཞིང་རའི་པར་ལེན་བརྟག་དཔྱད་འགྲེམས་སྟོན”དུས་མཉམ་དུ་སྤེལ་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།