
ཟླ7པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། 2025ལོའི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་ཐོ་དངོས་སུ་འགྲེམ་སྤེལ་བྱས། ཐེངས་འདིའི་ལེགས་སྒྲིག་གིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་དང་ལས་ཁུངས་ལས་དོན་སྡེ་ཁག་གི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣར་ཕན་ཐོགས་པ་དང་། 2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་ཤིང་། གསར་དུ་ཁ་སྣོན་བྱས་པའི་རྒན་གསོའི་དངུལ་དེ་ཟླ་བདུན་པའི་ཟླ་མཇུག་སྔོན་ལ་དངོས་སུ་སྟེར་རྒྱུ་རེད།
ལེགས་སྒྲིག་ཁྱབ་ཁོངས་ནི་རང་ཞིང་གི་ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་དངུལ་གྱི་འགན་བཅོལ་དང་ལས་ཁུངས་ལས་དོན་སྡེ་ཁག་གི་གཞི་རྩའི་རྒན་གསོའི་དངུལ་གྱི་འགན་བཅོལ་ནང་ཞུགས་ཤིང་། 2024ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོའི་འགྲོ་ལུགས་བསྒྲུབས་པ་དང་ཟླ་རེར་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་དང་། དེ་མིན་མཚོ་སྔོན་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཡིག་ཆ་ཨང191ལྟར་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཁྱབ་ཁོངས་སུ་བཞག་པར་མ་ཟད་ཟླ་རེར་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་མི་སྣ་བཅས་ཡིན།
རང་ཞིང་གིས་ད་ལོའི་ལེགས་སྒྲིག་སྲིད་ཇུས་དང་མི་དོན་པུའུ། ནོར་སྲིད་པུའུ་བཅས་ཀྱི་བླང་བྱ་ཚང་མ་གཅིག་གྱུར་ཡིན་ལ། འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཁེ་ལས་དང་ལས་ཁུངས་ལས་དོན་སྡེ་ཁག་གི་ལེགས་སྒྲིག་བྱེད་ཐབས་ཚང་མ་གཅིག་གྱུར་ཡིན་ཏེ། དངུལ་གྲངས་གཏན་འཁེལ་ལེགས་སྒྲིག་དང་འབྲེལ་བ་ལེགས་སྒྲིག འོས་འཚམ་གྱིས་བསྟུན་པ་བཅས་ཟུང་འབྲེལ་གསུམ་གྱི་ལེགས་སྒྲིག་བྱེད་ཐབས་མུ་མཐུད་དུ་བེད་སྤྱོད་བྱས། དེའི་ཁྲོད། དངུལ་གྲངས་གཏན་འཁེལ་ལེགས་སྒྲིག་བྱས་པ་ལས་མི་རེར་ཟླ་རེར་གཅིག་གྱུར་སྒོས་སྒོར་སོ་དགུ་ཁ་སྣོན་བྱས། འབྲེལ་བ་ལེགས་སྒྲིག་ཁྲོད། རིན་སྤྲོད་ལོ་ཚད་ལྟར་བལྟས་ན། ལོ་བཅོ་ལྔ་དང་དེའི་མན་ལ་ཟླ་རེར་སྒོར12.9ཁ་སྣོན་བྱས་པ་དང་། ལོ་བཅོ་ལྔ་ལས་བརྒལ་ན། ལོ་གཅིག་འདང་ན་ཟླ་རེར་ཡང་བསྐྱར་སྒོར་ཟུར་བརྒྱད་དང་སྐར་དྲུག་འཕར་བཞིན་ཡོད། རྒན་གསོའི་དངུལ་གྱི་ཆུ་ཚད་ལྟར་ན། མི་སྒེར་གྱི2024ལོའི་ཟླ12པའི་གཞི་རྩའི་རྒན་གསོའི་དངུལ་དེ་གཞི་གྲངས་སུ་བརྩིས་ནས། བརྒྱ་ཆའི0.51གྱི་བསྡུར་ཚད་ལྟར་ཁ་སྣོན་བྱས་པ་དང་། སྒོར་བཅུ་གཅིག་ལས་དམའ་ན་སྒོར་བཅུ་གཅིག་ལྟར་ཁ་སྣོན་བྱས། བབ་བསྟུན་ལེགས་སྒྲིག་ཁྲོད། དཀའ་ཁག་ཡོད་པའི་ས་ཁུལ་གྱི་ཁ་གསབ་དེ་ལས་འཁྱུར་ངལ་གསོ་བྱེད་སའི་དཀའ་ཁག་ཡོད་པའི་ས་ཁུལ་གྱི་རིགས་མི་འདྲ་བ་ལྟར། ཟླ་རེར་སོ་སོར་སྒོར་གཉིས་དང་སྒོར་བཞི། སྒོར་དྲུག སྒོར་བརྒྱད། སྒོར་བཅུ་བཅས་ཁ་སྣོན་བྱས། རྒན་པའི་ཁ་གསབ་སྤྲོད་ཡུལ་ནི2024ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་ལོ་བདུན་ཅུ་ལོན་པའི་མི་སྣ་ཡིན་ཞིང་། ལོ་བདུན་ཅུ་ནས་དོན་བཞི་བར་དང་། ལོ་དོན་ལྔ་ནས་དོན་དགུ་བར། ལོ་བརྒྱད་ཅུ་ཡན་བཅས་རིམ་པ་གསུམ་དུ་དབྱེ་ནས། ཟླ་རེར་སོ་སོར་སྒོར་བཅོ་ལྔ་དང་སྒོར་སོ་ལྔ། སྒོར་ང་ལྔ་བཅས་ཁ་སྣོན་བྱས།
དེ་ལས་གཞན། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་དམག་མི་ལས་བྱེད་པའི་ལེགས་སྒྲིག་བྱས་རྗེས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་དེ་རང་ཞིང་གི་ཁེ་ལས་ཀྱི་ལས་འཁྱུར་ང་ལ་གསོ་བྱས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆ་སྙོམས་ཆུ་ཚད་ལས་དམའ་ཚེ། རང་ཞིང་གི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆ་སྙོམས་ཆུ་ཚད་དང་མཉམ་པར་བྱས།
ལྷ་མོ་འཚོས་བསྒྱུར།