མཚོ་སྔོན་གྱིས“གསར་གཉིས”སྲིད་ཇུས་ལག་བསྟར་བྱས་ནས་ཕན་འབྲས་མངོན་གསལ་བླངས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

ཉེ་ལམ། རྒྱལ་ཁབ་ཀྱི་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ནས་བསྒྲགས་པ་ལྟར་ན།《མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེན་མོའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་རྒྱུར་སྐུལ་འདེད་གཏོང་བའི་ཇུས་གཞི》པར་འགྲེམ་བྱས་ཏེ་ལག་བསྟར་བྱས་པ་ནས་བཟུང་། དངུལ་གཏོང་ལ་སྐུལ་ཁྲིད་ནུས་ལྡན་བྱས་པ་དང་མི་མངོན་པའི་འཛད་སྤྱོད་ལ་སྐུལ་སྤེལ་བྱས། དཔྱ་ཁྲལ་གྱི་གཞི་གྲངས་ལས་མངོན་པ་ལྟར་ན།    2024ལོའི་ཟླ5པ་ནས2025ལོའི་ཟླ5པའི་བར། “གསར་གཉིས”སྲིད་ཇུས་ལག་བསྟར་གཙོ་གནད་ཁྱབ་ཁོངས་ཀྱི་ཚོང་གཉེར་གཙོ་གཟུགས་ཀྱི་སྒྲིག་ཆས་གསར་བརྗེ་ཇེ་མགྱོགས་སུ་ཕྱིན་པ་དང་། ཐོན་སྐྱེད་བརྟན་པོའི་ཁྲོད་འཕར་བ། འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་སྲིད་ཇུས་ལག་བསྟར་བྱས་ནས་ཕན་འབྲས་མངོན་གསལ་བླངས་ཡོད་ལ། འཛད་སྤྱོད་ཁྲོམ་རའི་ཡིད་ཆེས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།

གཙོ་གནད་མངའ་ཁོངས་ཀྱི་སྒྲིག་ཆས་གསར་བརྗེ་བརྟན་པོའི་ངང་སྐུལ་འདེད་བཏང་། གནས་ཐང་འཕར་ཁྲལ་འཛིན་ཤོག་གི་གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོའི་ཟླ5པ་ནས2025ལོའི་ཟླ5པར། ཞིང་ཆེན་ཡོངས་ཀྱི་མདོག་ལྡན་ལྕགས་རིགས་དང་ངར་ལྕགས་ལས་རིགས་ཀྱི་འཕྲུལ་ཆས་དང་སྒྲིག་ཆས་ཉོ་སྒྲུབ་གྱི་འཛིན་བྱང་གི་དངུལ་གྲངས་དེ་དུས་མཉམ་ལས་སོ་སོར་ལྡབ2.8དང92.1%འཕར་ཡོད། ཆ་འཕྲིན་བརྒྱུད་གཏོང་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་སྒྲིག་ཆས་ཉོ་སྒྲུབ་ཐད་བཙོང་བའི་འཛིན་ཤོག་གི་དངུལ་གྲངས་དེ་དུས་མཉམ་ལས་སོ་སོར14.9%དང36.4%འཕར། ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་ལས་བཅས་ཀྱི་ཞིང་ལས་འཕྲུལ་ཆས་དང་སྒྲིག་ཆས་ཉོ་སྒྲུབ་ཐད་བཙོང་བའི་འཛིན་ཤོག་གི་དངུལ་གྲངས་དེ་དུས་མཉམ་ལས10.3%འཕར། འཕྲོད་བསྟེན་དང་སློབ་གསོའི་ལས་རིགས་གྱིས་སྨན་བཅོས་དང་སློབ་ཁྲིད་སྒྲིག་ཆས་ཉོ་སྒྲུབ་ཐད་བཙོང་བའི་འཛིན་ཤོག་གི་དངུལ་གྲངས་དེ་སོ་སོར10.7%དང43.2%འཕར་ཡོད། “གཞི་ཁྱོན་ཆེན་མོའི་སྒྲིག་ཆས་གསར་བརྗེའི”སྲིད་ཇུས་ཀྱིས་གཙོ་གནད་མངའ་ཁོངས་སོ་སོས་སྒྲིག་ཆས་གསར་བརྗེ་དང་ཐོན་སྐྱེད་ལག་རྩལ་རིམ་སྤར་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཏེ། འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་འཕེལ་ནས་ཐོན་སྐྱེད་ཚོང་གཉེར་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ལོ་གཅིག་གི་རིང་ལ། གོང་གསལ་གཙོ་གནད་ཁྱབ་ཁོངས་ཀྱི་ལས་རིགས་ཐད་བཙོང་བའི་འཛིན་བྱང་གི་ཕྱིར་འཚོང་ཡོང་འབབ་དུས་མཉམ་ལས4.3%འཕར་བ་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་གནས9.2ལས་མགྱོགས་པ་རེད།

འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་སྲིད་ཇུས་ལ་ཕན་འབྲས་མངོན་གསལ་བླངས། གནས་ཐང་འཕར་ཁྲལ་འཛིན་བྱང་གི་གཞི་གྲངས་ལས་མངོན་པ་ལྟར་ན།    2024ལོའི་ཟླ5པ་ནས2025ལོའི་ཟླ5པའི་བར། ཞིང་ཆེན་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་ཀྱི་འཛད་སྤྱོད་ཇེ་མཐོར་སོང་སྟེ། འཁྱགས་སྒམ་སོགས་ཉིན་རྒྱུན་སྤྱོད་པའི་ཁྱིམ་སྤྱོད་གློག་ཆས་སིལ་ཚོང་ལས་རིགས་དང་བརྙན་འཕྲིན་སོགས་ཁྱིམ་སྤྱོད་བལྟ་ཉན་སྒྲིག་ཆས་སིལ་ཚོང་ལས་རིགས་ཀྱི་འཛིན་བྱང་གི་ཕྱིར་འཚོང་ཡོང་འབབ་དེ་དུས་མཉམ་ལས་སོ་སོར་ལྡབ1.1དང36.6%འཕར་ཡོད། ཁྱིམ་ཆས་དང་ཁྱད་པར་དུ་རིག་ནུས་ཁྱིམ་ཆས་འཛད་སྤྱོད་ཀྱི་ཚད་མཐོ་རུ་ཕྱིན་པ་དང་། ཁྱིམ་ཆས་དང་འཕྲོད་བསྟེན་གཙང་ཆས་སིལ་ཚོང་ལས་རིགས་ཀྱི་འཛིན་བྱང་གི་ཕྱིར་འཚོང་ཡོང་འབབ་དེ་དུས་མཉམ་ལས་སོ་སོར55.4%དང27.1%འཕར་ཡོད། དེའི་ཁྲོད་གཙང་སྦྲའི་འཕྲུལ་ཆས་སོགས་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཀྱི་ཕྱིར་འཚོང་ཡོང་འབབ་དེ་དུས་མཉམ་ལས་ལྡབ3.9འཕར། རླངས་འཁོར་རྙིང་པ་གསར་དུ་བརྗེ་བའི་དགོས་མཁོ་ཧ་ཅང་ཆེ་ལ། ཞིང་ཆེན་ཡོངས་ཀྱི་རླངས་འཁོར་གསར་པ་སིལ་འཚོང་གི་ཡོང་འབབ་དེ་དུས་མཉམ་ལས11.8%འཕར་ཡོད། འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་སྲིད་ཇུས་ཀྱིས་འཛད་སྤྱོད་དང་མཁར་གྲོང་སྡོད་དམངས་ཀྱི་འཛད་སྤྱོད་རིམ་སྤར་དགོས་མཁོ་རིམ་བཞིན་མངོན་གསལ་དུ་གྱུར་ཡོད་པ་དང་། ལོ་གཅིག་གི་རིང་ཞིང་ཆེན་ཡོངས་ཀྱི་སིལ་ཚོང་ལས་རིགས་ཀྱི་འཛིན་བྱང་ལས་ཕྱིར་འཚོང་ཡོང་འབབ་དེ་དུས་མཉམ་ལས4.8%འཕར་རྒྱུར་སྐུལ་ཁྲིད་བྱས་པ་དེ། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་གྲངས་གནས9.7ལས་མགྱོགས་པ་དང་།    དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་གྲས་ཤིག་ཡིན་པའི་ཆ་ནས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཁོར་སྐྱོད་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྒུལ་ཤུགས་གལ་ཆེན་གྱི་ནུས་པ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད།

ཤ་བོ་རིན་མཚོས་བསྒྱུར།