
ཀྲུང་དབྱང་ལས་ཁུངས་ཀྱི་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་སྐོར་བཅུ་གཅིག་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐོར་དྲུག་པའི་ལས་བྱེད་འཇོན་མི་ཚེས་ཉེར་བདུན་ཉིན་ལམ་ལ་ཆས་ཏེ། སོ་སོར་བོད་ལྗོངས་དང་མཚོ་སྔོན་དུ་བསྐྱོད་ནས། ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་བོད་ལྗོངས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་སྔ་རྗེས་སུ་བོད་ལྗོངས་དང་མཚོ་སྔོན་དུ་འབྱོར། ཀྲུང་དབྱང་རྩ་འཛུགས་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བསྡོམས་པས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི2156དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི480མངགས་པ་དང་། ཁོ་ཚོ་ནི་ཀྲུང་དབྱང་གི་ལས་ཁུངས112དང་ཞིང་ཆེན་དང་གྲོང་ཁྱེར17ནས་ཡོང་བ་ཡིན་པ་དང་། དུས་ཡུན་ལོ་གསུམ་རིང་བོད་ལྗོངས་དང་མཚོ་སྔོན་དུ་རོགས་སྐྱོར་ལས་དོན་བསྒྲུབ་རྒྱུ་རེད།