
ཟླ་བདུན་པའི་ཟླ་དཀྱིལ་ནས་བཟུང་། མཚོ་སྔོན་གསར་བརྗེ་དམག་དོན་ཁང་གིས་ལོ་གཉིས་ལྷག་གི་རིང་ལ་རིག་དངོས་ལོ་རྒྱུས་རྒྱུ་ཆ་བསྡུ་སྒྲིག་གི་ཆེད་དོན་བྱ་འགུལ་སྤེལ་ནས། རིག་དངོས་ལོ་རྒྱུས་རྒྱུ་ཆ་སྟོང་གསུམ་དང་བརྒྱ་ལྷག་རིན་མེད་ངང་འཚོལ་སྡུད་བྱས་པ་མ་ཟད། ཞལ་འདེབས་གནང་མཁན་དག་ལ་གཟེངས་བསྟོད་ཀྱི་དཔང་ཡིག་བྱིན།
དུས་རབས་གསར་པའི་རྒྱལ་ཡོངས་དམག་དོན་ཁང་གི་མ་ལག་འཛུགས་སྐྲུན་གལ་ཆེན་ཞིག་ཡིན་པའི་ངོས་ནས། མཚོ་སྔོན་གསར་བརྗེ་དམག་དོན་ཁང་དེ་ཞིང་ཆེན་རིམ་པའི་གསར་བརྗེ་དམག་དོན་ཁང་གི་འཛུགས་སྐྲུན་རྣམ་གྲངས་རེས་སྐོར་གཉིས་པའི་ཁྲོད་དུ་ཚུད། 2022ལོར་འཛུགས་སྐྲུན་བྱས་པ་ནས་བཟུང་། དམག་དོན་ཁང་དེས་དམག་དཔུང་དང་ས་གནས་མཐུན་སྦྱོར་བྱས་ནས། རྒྱ་ཆེའི་བཅའ་སྡོད་དམག་དཔུང་གི་ལས་ཁུངས་དང་དམག་དཔུང་གི་ལས་བྱེད་པའི་ངལ་གསོའི་སྡོད་གནས། དམག་དོན་བཟོ་ལས་ཁེ་ལས། དམངས་དམག་རྒན་པ། སྤྱི་ཚོགས་ཀྱི་མི་སྣ་སོ་སོ་བཅས་ཞལ་འདེབས་ཕུལ་བའི་གྲས་སུ་ཞུགས། མགོ་ལོག་དང་མཚོ་ཤར།མཚོ་བྱང་ཡན་ལག་དམག་ཁུལ་བཅས་ཀྱིས་རྩ་འཛུགས་བྱས་ནས་གཅིག་བསྡུས་ཀྱིས་ཞལ་འདེབས་ཕུལ་བ་དང་། མཚོ་སྔོན་ལིས་མིན་རྫས་འགྱུར་བཟོ་གྲྭ་ཡིས་ལམ་ཐིག་གསུམ་འཛུགས་སྐྲུན་དུས་སྐབས་ཀྱི་རྩ་ཆེ་བའི་ལོ་རྒྱུས་རྒྱུ་ཆ་ཞལ་འདེབས་སུ་ཕུལ།
དམག་དོན་ཁང་གིས་ཡུལ་དངོས་དང་དྲ་ཐོག་སོགས་བརྒྱུད་ལམ་མང་པོར་བརྟེན་ནས་འཚོལ་སྡུད་བྱས་པ་དང་། སྨྱན་བྱད་ཀྱི་སྟེང་ཁྱབ་སྒྲོག་བྱས་ནས་དམངས་ཁྲོད་ཀྱི་གནའ་རྫས་ཉར་རྒྱུར་དགའ་མཁན་དང་གསར་རྗེའི་རྒན་རབས་པ་དང་རྗེས་རབས་པ་རྣམས་ཀྱིས་ཞལ་འདེབས་ཕུལ་བར་སྐུལ་མ་བཏང་། དམག་མི་རྒན་པ་མང་པོས་རང་འགུལ་གྱིས་རིག་དངོས་དང་དེའི་རྒྱབ་ལོག་གི་ལོ་རྒྱུས་གཏམ་རྒྱུད་བཤད་པ་དང་། ཕྱིས་ཀྱི་འགྲེམ་སྟོན་ལ་གལ་ཆེ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། དམག་དོན་ཁང་ཕྱོགས་ཀྱིས་བསྟན་དོན། ང་ཚོས་རིག་དངོས་རྒྱུ་ཆ་དེ་དག་བདག་གཉེར་ལེགས་པོ་བྱས་ནས། དམར་པོའི་དྲན་པ་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏང་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་བསྒྱུར།