མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གལ་ཆེན་གྱིས་ས་ཁུལ་ཁོངས་དོ་དམ་ལས་ཁུངས་ཁྱོན་ཡོངས་ལ་ཁྱབ་པར་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་སྔོན། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་སྲུང་སྐྱོབ་ཁུལ་བཀོལ་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ7པའི་ཚེས16ཉིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ་ཐེམ་ཆེན་དོ་དམ་ཡན་ལག་ཅུའུ་ཡི་སྒོ་བྱང་དངོས་སུ་བཀལ་ནས་བྱ་བ་སྒྲུབ་འགོ་བརྩམས་པ་དེས། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ་ཡི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་དང་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཁོངས་གལ་ཆེན་གྱིས་དོ་དམ་ལས་ཁུངས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་རིང་གི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་གྱི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱུང་བ་མཚོན།

འཛུགས་འཆར་ཡོད་པའི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་དང་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཁོངས་གལ་ཆེན་གྱོ་ཁོངས་སུ། གུང་ཧོ་དོ་དམ་ཡན་ལག་ཅུའུ་དང་། མདའ་བཞི་དོ་དམ་ཡན་ལག་ཅུའུ།  རྐང་ཚ་དོ་དམ་ཡན་ལག་ཅུའུ་དང་ཐེམ་ཆེན་དོ་དམ་ཡན་ལག་ཅུའུ་བཅས་བཙུགས་ཡོད་པ་དང་། སྲུང་སྐྱོབ་ས་ཚིགས12བཙུགས་ཡོད་ལ། རྒྱལ་ཁབ་སྤྱི་གླིང་དང་འཚམ་པའི་དོ་དམ་ཅུའུ་དང་། དོ་དམ་ཡན་ལག་ཅུའུ། སྲུང་སྐྱོབ་ས་ཚིགས་བཅས་རིམ་པ་གསུམ་གྱི་དོ་དམ་མ་ལག་རགས་ཙམ་བཙུགས་ཡོད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ནི་མཚོ་སྔོན་པོའི་ནུབ་བྱང་རྒྱུད་དང་། མདོ་ལ་རི་བོའི་ལྷོ་རྒྱུད། ཚ་འདམ་གཞོང་སའི་ཤར་རྒྱུད་དུ་ཆགས་ཡོད་ལ། མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་གལ་ཆེའི་སྲུང་ཡོལ་ཡིན་པ་དང་། མཚོ་སྔོན་པོའི་ཆུ་ཁུངས་གསོ་སྐྱོང་དང་། རླུང་འགོག་པ་སོགས་སྐྱེ་ཁམས་ཀྱི་རྩོལ་ནུས་ཁུར་ཡོད། མངའ་ཁོངས་ནང་མཚོ་སྔོན་པོའི་མ་ཡུམ་ཆུ་བོར་འབོད་པའི་བུ་ཧ་ཆུ་བོ་དང་དེ་མིན་འཁྱག་རོམ་དང་མཚེའུ། བརླན་ས་བཅས་ཡོད་ལ། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་ཆུའི་འཁོར་སྐྱོད་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་འཛིན་བྱེད་པར་འབྲེལ་བ་གལ་ཆེན་ཡོད། མིག་སྔར། ཐེམ་ཆེན་རྫོང་ཁོངས་སུ་སྲུང་སྐྱོབ་ས་ཚིགས་གསུམ་བཙུགས་ཡོད་པ་དང་། ཉིན་རྒྱུན་གྱི་སྲུང་སྐྱོབ་མངའ་ཁོངས་ཀྱི་སྲུང་སྐྱོབ་དང་དོ་དམ་གྱི་འགན་འཁྲི་ཁུར་བཞིན་ཡོད།

ཏིང་འཛིན་མཚོ་མོས་བསྒྱུར།