
ཟླ7པའི་ཚེས30ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་ལེགས་སྒྱུར་བྱ་བའི་སྐུལ་སྤེལ་བརྙན་རིས་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་གསུམ་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། སྨན་རྫས་ལྟ་སྐུལ་དོ་དམ་མ་ལག་ཆ་ཚང་དུ་བཏང་བ་མ་ཟད། སྨན་བཀོལ་འཕྲུལ་ཆས་ཉམས་ལེན་ནུས་པ་ཤུགས་དྲག་ཏུ་བཏང་ཞིང་། ལག་རྩལ་ཚད་འབྱེད་ཆུ་ཚད་མཐོར་འདེགས་བཏང་ལ། སྨན་རྫས་ཆེད་དོན་འགུལ་སྐྱོད་སྤེལ་ནས་ཁྲིམས་འགལ་སྒྲིག་འགལ་གྱི་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བཏང་སྟེ། སྨན་རྫས་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱས།
ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་རྫས་བདག་གཉེར་གོ་རིམ་གྱི་མགོ་ཁུངས་གཙང་སེལ་འགུལ་སྐྱོད་གཙོར་བཟུང་སྟེ། འཕྲོད་བསྟེན་བདེ་ཐང་དང་། སྨན་རྫས་ཚད་ལེན་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་བཅུ་དྲུག་བསྡུ་ལེན་བྱས་ཏེ། སྐོར་དང་པོའི་སྨན་རྫས་ངོས་ལེན་ཆེད་མཁས་མཛོད་བཙུགས་ཤིང་། གྱོད་གཞི་གལ་ཆེན་གྲོས་སྡུར་ཨུ་ཡོན་ལྷན་ཚོགས་བཙུགས་ནས། སྔོན་ལ་གྱོད་གཞི་གལ་ཆེན་ཁྲོད་ཞུགས་པ་དང་། བརྒྱུད་རིམ་ཡོངས་ཁོང་དུ་ཆུད་པ་དང་གནད་འཁེལ་གྱིས་གྱོད་གཞི་བསྒྲུབ་ནས། སྨན་རྫས་ཐོན་སྐྱེད་བདག་གཉེར་དང་བཀོལ་སྤྱོད་ཁྱབ་ཁོངས་སུ་གནས་པའི་འབུར་ཐོན་གནད་དོན་མ་ལག་ལྡན་པར་བཅོས་སྐྱོང་བྱས། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་རྫས་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བསྡོམས་པས་སྨན་རྫས་གཉིས་དང་འཕྲུལ་ཆས་གཅིག་གི་ཐོན་སྐྱེད་བདག་གཉེར་ཁེ་ལས་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་དོན་བརྒྱད་ལ་ཞིབ་བཤེར་བྱས། དུས་མཉམ་དུ། སྨན་གསུམ་མཉམ་འགུལ་ལ་དོ་སྣང་བྱས་ཏེ། ཚད་ལྡན་མིན་པའི་སྨན་དང་། ཞོར་སྐྱོན་ཚད་འབྱེད། བསྡུ་ལེན་ཁྲོད་སྨན་རྫས་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པ་སོགས་ཀྱི་གནད་དོན་ལ་མཉམ་འབྲེལ་ཁྲིམས་བསྟར་སྤེལ་ནས། སྨན་བཅོས་ལས་ཁུངས་ཀྱི་སྨན་སྡེབ་དོ་དམ་དང་སྨན་རྫས་ནད་ཐོག་ཚོད་ལྟའི་བྱ་བ་ལེགས་པོར་སྒྲུབ་པ་དང་། སྨན་རྫས་ཀྱི་ཞོར་སྐྱོན་དང་སྨན་རྫས་གང་བྱུང་བཀོལ་བའི་སྙན་ཞུ་དང་སྔོན་བརྡའི་ཐད་ཤུགས་བསྣན།
ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་བཏང་སྟེ། ད་སྔ་ལག་བསྟར་དང་དོ་དམ་ཚོད་འཛིན་བྱེད་ཀྱིན་པའི་སྦྲིད་སྨན་རིགས་དང་། ཁྲག་ཁུའི་སྨན་རྫས་སོགས་སྨན་སྣ་གཙོ་བོ་ལྔའི་ཁྲོད་རང་ཞིང་གིས་ཐོན་སྐྱེད་བྱས་པའི་སྦྲིད་སྨན་དང་། དེར་མ་ཟད་ཐོན་སྐྱེད་བྱེད་བཞིན་པའི་རྒྱལ་ཁབ་གོ་དྲུག་གི་སྨན་བཅོས་འགན་སྲུང་གི་སྨན་སྣར་གློག་རྡུལ་རྗེས་འདེད་བྱེད་པའི་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྨན་རྫས་ཡོངས་ཁུངས་འཚོལ་ཞིབ་ཐུབ་ཅིང་། གཏོང་ཁོངས་རྗེས་འདེད་ཐུབ་པ། འགན་འཁྲི་བདའ་འདེད་ཐུབ་པ་ནུས་ལྡན་སྒོས་མངོན་འགྱུར་བྱུང་། རྒྱལ་ཁབ་དང་རང་ཞིང་གི་རྩ་འཛུགས་ཀྱིས་བསྡུ་ལེན་བདམས་ཐོན་བྱུང་བའི་སྨན་རྫས་ཐོན་སྐྱེད་ཁེ་ལས་དང་སྡེབ་སྐྱེལ་ཁེ་ལས་ཀྱིས་ཡོངས་ཁེབས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་སྨན་རྫས་གསར་སྒྱུར་གནས་ཚུལ་དོ་དམ་བྱ་བ་སྤེལ། ལོ་སྟོད་དུ། བསྡོམས་པས་སྨན་རྫས་ཐོན་སྐྱེད་ཁེ་ལས་བཞི་དང་སྡེབ་སྐྱེལ་ཁེ་ལས་སོ་གསུམ་ལ་ཞིབ་བཤེར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་བསྡུ་ལེན་བདམས་ཐོན་སྨན་རྫས་འཐེན་བཤེར་བྱ་བ་ཡོངས་སུ་ཁེབས་པར་བྱས་ནས་བསྡུ་ལེན་སྨན་རྫས་ཀྱི་སྤུས་ཚད་བརྟན་པོ་དང་ཡིད་རྟོན་རུང་བར་ཁག་ཐེག་བྱས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ལྷོ་ཕྱོགས་སྨན་རྫས་དཔལ་འབྱོར་ཞིབ་འཇུག་སའོ་དང་། ཀྲུང་གོ་བདེ་ཐང་སྨྱན་བྱད་སྡེ་ཚོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། སྲིད་ཁེ་གཉིས་ཀྱི་གཞི་གྲངས་བརྗེ་སྤྲོད་དང་། ཉེན་ཁའི་གྲོས་སྡུར། ལུགས་མཐུན་མཛུབ་སྟོན་དང་སྐོར་བཤེར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། དྲ་ལམ་ཕྱིར་འཚོང་ཚད་ལྡན་དུ་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།