
ཟླ8པའི་ཚེས2ཉིན། ཀུན་གྱིས་དོ་སྣང་བྱེད་པའི2025ལོའི་རབ་མཛེས་མཚོ་སྔོན་སྐབས་བཅུ་བཞི་པའི་སློབ་ཆེན་སློབ་མ་དང་སྐབས་བཅུ་གཅིག་པའི་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་འགོ་བརྩམས་པ་དང་། རྒྱལ་ཡོངས་ནས་ཐོན་པའི་ལྕགས་རྟའི་ལུས་རྩལ་ལ་དགའ་བའི་དབང་བོ་སྐྱོན་ཅན་བརྒྱ་ལྷག་དང་མཐོ་རིམ་སློབ་གྲྭ་མང་པོའི་སློབ་མ་བརྒྱ་ལྷག་འགྲན་རར་མཉམ་འཛོམས་བྱུང་ནས། ལྕགས་རྟ་གཙོ་བོ་བྱས་ནས། མགྱོགས་ཚད་དང་སྤྲོ་སེམས་གྱིས་ལུས་རྩལ་གྱི་གསོལ་སྟོན་ཆེན་པོ་ཞིག་བཤམས།
ཐེངས་འདིའི་འགྲན་བསྡུར་ཉིན་གཉིས་ཀྱི་རིང་ལ་སྤེལ་བ་དང་། རབ་མཛེས་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་རྩ་འཛུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས། འགྲན་བསྡུར་ཁྲོད་འགྲན་རིམ་དང་པོའི་ཚོ་ཆུང་ཆེན་པོའི་འགྲན་བསྡུར་བཀོད་སྒྲིག་བྱས་ཏེ། སྟོང་སྐོར་རྫོང་པ་ཡན་ཡུལ་ཚོ་དགོན་ཞོལ་སྡེ་བ་ནས་ཏ་ཧྭ་གྲོང་རྡལ་ཞ་ཀ་སྡེ་བའི་བར་གྱི་འགྲན་བསྡུར་ལ་ལམ་ཐག་སྤྱི་ལེ27ཡོད། འགྲན་རིམ་གཉིས་པའི་མི་སྒེར་གྱི་དུས་ཚོད་བརྩི་བའི་འགྲན་བསྡུར་གྱི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ནས་ནུར་ལྕེ་མཛེས་ལྗོངས་ཁུལ་བར་གྱི་འགྲན་བསྡུར་ལ་ལམ་ཐག་སྤྱི་ལེ13ཡོད། འགྲན་ལམ་ཇུས་འགོད་བྱས་པ་ལེགས་པ་དང་། ལྕགས་རྟར་ཞོན་པར་དགའ་བའི་དགོས་མཁོར་གཞིགས་ནས།ད་དུང་མཐོ་སྒང་གི་ཚད་བརྒལ་ལུས་རྩལ་གྱི་མྱོང་ཚོར་ལ་རོལ་མྱོང་ཐུབ་པས། བདམས་ཐོན་པ་རྣམས་ལ་ལྕགས་རྟར་ཞོན་པའི་ལུས་རྩལ་གྱི་ཡིད་འགུག་ཤུགས་ཚོར་ཐུབ་པར་བྱས་པར་མ་ཟད། ལམ་རྒྱུད་ཀྱི་རང་བྱུང་མཛེས་ལྗོངས་དང་སློབ་གྲྭའི་མཉམ་འདྲེས་ཀྱི་ཡུལ་ལྗོངས་ལ་རོལ་མྱོང་བྱས།
ཏིང་འཛིན་མཚོ་མོས་བསྒྱུར།