
བསྡོམས་རྩིས་བྱས་པ་ལྟར་ན། ཟླ8པའི་ཚེས2ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་འབུམ་དྲུག་དང་ཁྲི་གཅིག་ལ་སྣེ་ལེན་བྱས་པ་དང་། དེའི་ནང་ཨ་མྱེས་སྟོང་སོའི་ལིན་ཧའེ་སྒར་སས་ཉིན་གཅིག་གི་ཡུལ་སྐོར་བ་སྣེ་ལེན་བྱས་ཚད་མི་ཐེངས་འབུམ་གཅིག་དང་ཁྲི་གཅིག་ལ་སླེབས་ཤིང་། གཞི་གྲངས་དེ་གཉིས་ཀྱིས་ཡང་བསྐྱར་མཐོ་ས་གསར་པ་བསྐྲུན་ཡོད། ཟླ་བདུན་པའི་ཟླ་མཇུག་བར་ཏུ་རྫོང་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ས་ཡ་གཅིག་དང་འབུམ་བཞི་ལ་སྣེ་ལེན་བྱས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སོ་གཅིག་འཕར་ཡོད་ལ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་བརྒྱད་ས་ཡ་གཉིས་ལ་སླེབས་པ་དེ་དུས་མཉམ་ལས་བརྒྱ་ཆའི་ཉེར་ལྔ་འཕར་ཡོད།
ད་ལོའི་ཚུན་ལ་མདོ་ལ་རྫོང་གིས་ཆིན་ཧྭ་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ་སློབ་གྲྭ་དང་ས་གནས་ཀྱི་སྐྱེ་ཁམས་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་འཚོལ་ཞིབ་བྱས་པ་དང་། ཁྲིན་ཏུའུ་སོགས་སུ་སོང་ནས་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སོགས་ཁྱད་ལྡན་བྱ་འགུལ་སྤེལ་ཏེ་རིག་གནས་ཡུལ་སྐོར་དང་སྐྱེ་ཁམས། ལུས་རྩལ། ཟས་མཆོག་བཅས་མཉམ་བསྲེས་འཕེལ་རྒྱས་ཀྱི་རྣམ་པར་བརྟེན་ནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་སྐུལ་སློང་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་བསྣན།
ལྷ་མོ་ཚེ་རིང་གིས་བསྒྱུར།