མཚོ་སྔོན་གྱིས་ཞོད་དུས་ཀྱི་ས་གཤིས་གནོད་སྐྱོན་འགོག་སྲུང་སྲ་བརྟན་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ8པའི་ཚེས4ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཞོད་དུས་སུ་ཐོན་པ་དང་མཉམ་དུ།  ཞིང་ཆེན་ཡོངས་ཀྱི་ས་གཤིས་གནོད་སྐྱོན་འགོག་སྲུང་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་ཆེད།  ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་པ་དང་།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་འགོག་བཅོས་འགན་འཁྲི་མུ་མཐུད་དུ་ཏན་ཏིག་གཏོང་བ།  གཙོ་གནད་ས་ཁུལ་དང་གཙོ་གནད་ཁྱབ་ཁོངས་ལ་གཞི་བཙུགས་ནས་མངོན་མེད་རྐྱེན་ངན་གྱི་དག་བཤེར་དང་གནད་ལ་ཁེལ་བའི་ཞིབ་བཤེར་ཉེན་བརྡ་སྟོབས་ལྡན་དུ་གཏོང་བ་བཅས་བྱེད་དགོས།  མིག་སྔའི་བར་དུ།  ས་གཤིས་ཀྱི་གནོད་སྐྱོན་ཐེབས་པའི་ཁྱིམ་གྲངས་ཁྲི་གསུམ་དང་སྟོང་གཅིག་བདུན་བརྒྱ་ལྷག་གནས་སྤོར་བྱས་ཡོད་པ་དང་།  མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པ་ཊ་བོད་རིགས་ཡུལ་ཚོ་དང་།  ཐེའེ་ཙི་ཡུལ་ཚོ།  ཟི་ལིང་གྲོང་ཁྱེར་ཧོང་ཀྲོང་ཆུའུ་ཐེན་ཅཱ་གྲོང་རྡལ་བཅས་ལ་ས་འགུལ་ཐེངས་གསུམ་བྱུང་བར་བདེ་བླགས་ངང་གཡོལ་ཐུབ་པ་བྱུང་།

ཉིན་འདི་འགའི་དྲག་ཆར་འབབ་པའི་གནམ་གཤིས་ལ་དམིགས་ཏེ།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་མཉམ་དུ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ།  ཟླ8པའི་ཚེས3ཉིན་གྱི་ཆུ་ཚོད11སྟེང་ཟི་ལིང་དང་མཚོ་ཤར།  མཚོ་བྱང་།  མཚོ་ལྷོ།  རྨ་ལྷོ་བཅས་གྲོང་ཁྱེར་དང་ཁུལ་ལྔ་ལ་ས་གཤིས་གནོད་སྐྱོན་གྱི་རིམ་པ་བཞི་བའི་འཕྲལ་རྐྱེན་ཉེན་བརྡ་བཏང་བ་དང་།  སྔར་ལས་ལྷག་པའི་སྒོ་ནས་ཐེངས་འདིའི་དྲག་ཆར་འགོག་སྲུང་གི་ཁ་གཏད་བྱ་བར་ཤུགས་བསྣན།  དེ་དང་ཆབས་ཅིག  ནན་ཏན་སྒོས་ཐིན་རིམ་པའི་འགོ་ཁྲིད་གྱིས་ལས་རེས་པའི་སྣེ་ཁྲིད་པ་དང་།  ཁྲུའུ་རིམ་པའི་ལས་བྱེད་པ་དང་ལག་རྩལ་མི་སྣའི་ཆུ་ཚོད་ཉེར་བཞིའི་རིང་ལས་རེས་སྲུང་བའི་ལམ་ལུགས་དོན་འཁྱོལ་བྱས།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཆར་འབབ་ཚད་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ནན་མོ་བྱས་ཏེ།  གནམ་གཤིས་རྟོག་ཞིབ་པུའུ་དང་གྲོས་བསྡུར་བྱེད་པ་དང་།  མཉམ་འབྲེལ་སྒོས་དྲག་ཆར་གང་དུ་འབབ་པ་དང་ས་གཤིས་ཀྱི་གནོད་སྐྱོན་འབྱུང་སླ་བའི་རིམ་པར་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་།  ཟླ7པའི་ཚེས15ཉིན་ནས་བཟུང་སྡོམ་པས་ཞིང་ཆེན་རིམ་པའི་ས་གཤིས་གནོད་སྐྱོན་གྱི་གནམ་གཤིས་རྟོག་ཞིབ་ཉེན་བརྡ་ཐེངས39བཏང་ཡོད།

རྒྱུས་ལོན་བྱུང་ལྟར་ན།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་འཕྲུལ་སྒུལ་འགོག་སྲུང་ཆེད་མཁས་པ39དྲག་ཆར་འབབ་སའི་ས་ཁུལ་དུ་མངགས་པ་དང་།  ཁྱོན་སྡོམ་ཞིང་ཆེན་རིམ་པའི་ས་གཤིས་གནོད་སྐྱོན་འགོག་སྲུང་གི་ལག་རྩལ་མི་སྣ95རྩ་འཛུགས་བྱས་པ་དང་ཆེད་མཁས་པས་ས་གནས་སོ་སོ་དང་མཉམ་འབྲེལ་བྱས་ཏེ་མངོན་མེད་རྐྱེན་ངན་གྱི་དག་བཤེར་དང་འཕྲལ་རྐྱེན་ཐག་གཅོད་ལེགས་པར་སྒྲུབ།  ཟླ7པའི་ཚེས15ཉིན་ནས་བཟུང་།  ཞིང་ཆེན་ཡོངས་ཀྱི་མངོན་མེད་རྐྱེན་ངན་གྱི་དག་བཤེར་བྱེད་ཡུལ་དང་།  བཟོ་གྲྭ།  ལྗོངས་རྒྱུའི་ཁུལ་སོགས་ཁྱོན་བསྡོམས་གནོད་སྐྱོན20སེལ།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།