དག་གཙང་མཚོ་ལྷོ་སྐྱེ་ཁམས་ཞིན་ཧེ་ཞེས་པའི་པར་ལེན་འགྲན་སྡུར་དང་སྤྲེལ་རྫོང་རིག་གནས་ཡུལ་སྐོར་མུ་འབྲེལ་བྱ་འགུལ་མགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

ཟླ8པའི་ཚེས4ཉིན། དག་གཙང་མཚོ་ལྷོ་སྐྱེ་ཁམས་ཞིན་ཧེ་ཞེས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བསྐྱོད་པའི་པར་ལེན་འགྲན་སྡུར་དང2025ལོའི་སྤྲེལ་རྫོང་རིག་གནས་ཡུལ་སྐོར་མུ་འབྲེལ་བྱ་འགུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་མགོ་བརྩམས། དུས་ཡུན་ཉིན་བཞིའི་བྱ་འགུལ་ཁྲོད་དུ། ལུས་རྩལ་འགྲན་སྡུར་དང་། དམངས་གླུའི་འགྲན་སྡུར། ས་གནས་གླུ་བའི་རོལ་དབྱངས་ཆེད་ཚོགས། ཡུལ་ཚོ་དང་གྲོང་རྡལ་གྱི་ཆེད་དོན་འཁྲབ་སྟོན་སོགས་རིམ་པ་བཞིན་འཁྲབ་སྟོན་བྱེད་རྒྱུ་རེད།

མགོ་རྩོམ་ཡུལ་དངོས་སུ། བདེ་སྐྱིད་ཀྱི་ཞིན་ཧེ་ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཞིན་ཧེ་རྫོང་གིས་སྐྱེ་ཁམས་ལ་བརྟེན་པའི་གཏམ་རྒྱུད་འཆད། གླིང་སྒྲུང་ཁྲོད་ཀྱི་ཤན་འདན་སྟག་སེང་ཁ་སྤྲོད་འཁྲབ་ལེན་བྱས་པ་ལས་གནའ་བོའི་རིག་གནས་ཤིག་གར་སྟེགས་བརྒྱུུད་ནས་གསོན་ཤུགས་རྒྱས་པར་བྱས་ལ། དུས་རབས་ཀྱི་དཀྱོགས་མཚམས་སུ། འདས་མ་ད་གསུམ་གྱི་ཁ་བརྡ་ཐེངས་གཅིག་བྱས། མ་རྩོམ་གར་ཆུང་དང་བླངས་པ་ཞེས་པའི་ཁྲོད་དུ། འཁྲབ་སྟོན་པའི་གསལ་དག་བྱང་གསུམ་གྱི་བོད་ཀྱི་གཏམ་དཔེ་ལ་བརྟེན་ནས།  དམངས་ཡོངས་ལ་ཁོར་ཡུག་དང་འཕྲོད་བསྟེན་གཙང་མར་རང་རྟོགས་སྒོས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་ཞིང་། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་སྟོབས་ཤུགས་མངོན་གསལ་དུ་གྱུར།

བྱ་འགུལ་གྱི་ཡུལ་དངོས་སུ། གླུ་གར་གྱི་འཁྲབ་སྟོན་དང་མི་རིགས་རྒྱན་གོས་ཀྱི་ཤོམ་འགྲོའི་འགྲན་བསྡུར་ཡོད་ལ། ད་དུང་རྟ་རྒྱུགས་དང་ཐག་འཐེན། ཕིང་ཕང་སྤོ་ལོ། བོད་འགྱིག འཇུ་རེས། མདའ་འཕེན་སོགས་ཀྱི་འགྲན་བསྡུར་ཡོད་པ་མ་ཟད། པར་ལེན་བརྩམས་ཆོས་འགྲེམ་སྟོན་དང་མེ་ཕུང་དགོང་ཚོགས་སོགས་རང་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་བྱ་འགུལ་ཡོད།  ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཐོན་རྫས། ཁྱད་ལྡན་ཞིམ་ཟས་འགྲེམ་སྟོན་འགྲེམ་འཚོང་ཡུལ་དངོས་སུ། སྡེ་བའི་ཐུན་མོང་མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་སུམ་ཅུ་ནས་འཁྱེར་ཡོང་བའི་ཐོན་རྫས་སྣ40ལས་ཞིན་ཧེ་ཡི་ཁྱད་ཆོས་མངོན་པར་མཚོན་ཡོད།

ཐེངས་འདིའི་པར་ལེན་འགྲན་བསྡུར་ལས་པར་ལེན་བརྩམས་ཆོས3789དང་བརྙན་ཐུང65བསྡུས་ཡོད། འགྲན་ཞུགས་པར་རིས་རེ་རེ་ལས་དག་གཙང་མཚོ་ལྷོ། སྐྱེ་ཁམས་ཞིན་ཧེ་ཡི་གསོན་ཉམས་ལྡན་པོའི་གཏམ་རྒྱུད་མངོན་ཐུབ་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འགྲེལ་བཤད་ནུས་ལྡན་བྱས་ཡོད་ལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་པ་ལས་ཕྱོགས་ཡོངས་ནས་སྐྱེ་ཁམས་ཞིན་ཧེ་ཡི་ཡུལ་སྐོར་ཟོང་རྟགས་ཀྱི་བྱེད་ནུས་ཇེ་མཐོར་བཏང་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།