མཚོ་བྱང་ཁུལ་གྱིས་འབྲོག་ལུག་ཐོན་ལས་ཀྱི་ཚད་གཞི་བདུན་ཁྱབ་བསྒྲགས་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཟླ8པའི་ཚེས4ཉིན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་འོས་སྦྱོར་ཚོགས་འདུའི་སྟེང་། འབྲོག་ལུག་ཐོན་ལས་ཀྱི་འབྲེལ་ཡོད་ཚད་གཞི་བདུན་ཁྱབ་བསྒྲགས་བྱས་པ་དང་།  དེའི་ཁོངས་སུ་གསོ་སྤེལ་དང་ལས་སྣོན།  རྒྱུད་སྤེལ་བཅས་ཀྱི་སྦྲེལ་ཐག་ཧྲིལ་བོ་ཚུད་ཡོད།  དེས་ས་གནས་ཀྱི་བོད་ལུག་ཐོན་ལས་དེ་རགས་ལས་འཕེལ་རྒྱས་ནས་ཞིབ་ལས་བདག་གཉེར་གྱི་རྣམ་པར་བསྒྱུར་བར་གནད་འགག་གི་གཞོགས་འདེགས་ནུས་པ་ཐོན་ཡོད།

ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་ཚད་གཞིའི་ཁྲོད་དུ་མདོ་ལའི་འབྲོག་ལུག་ཚོགས་པའི་ཚད་གཞི་དྲུག་དང《བོད་ལུག་རྩེབ་མང་རྣམ་པའི་འདེམས་གསོའི་ལག་རྩལ་ཚད་གཞི》གཅིག་བཅས་འདུས།  དེའི་ཁྲོད་དུ།  མདོ་ལའི་བོད་ལུག་ཚོགས་པའི་ཚད་གཞི་རུ་ལུ་གུ་དང་ལུག་ཆེ་བའི་གསོ་སྐྱོང་ལག་རྩལ་དང་ལུ་གུའི་ཤ་དང་ལུག་ཆེ་བའི་ཤ་ཞིབ་ཚགས་ངང་དབྱེ་བཀར་བྱས་པ་དང་།  ནས་ཀྱིས་གསོ་སྤེལ་བྱས་པའི་ལུག་ཤའི་རྒྱུ་མ་དང་བྲོ་ལྡན་ལུག་ཤའི་རྒྱུ་མ་སོགས་ཐོན་རྫས་ཚད་ལྡན་དེ་ཁྱོན་ཡོངས་ནས་གསོ་སྤེལ་བྱེད་པ་དང་ལས་རིམ་སོ་སོར་ཁྱབ་ཡོད།  མདོ་ལའི་འབྲོག་ལུག་སྤུས་ཚད་ཀྱི་བརྟན་བརླིང་རང་བཞིན་ཤུགས་ཆེར་གཏོང་བ་དང་ཁྲོམ་རའི་ངོས་ལེན་ཚད་མཐོར་འདེགས་གཏོང་དགོས།

མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་བཅོས་ཀྱི་ཚན་རྩལ་སློབ་གླིང་སོགས་དང་མཉམ་འབྲེལ་སྒོས《འབྲོག་ལུག་རྩེབ་མང་རྣམ་པའི་འདེམས་གསོའི་ལག་རྩལ་གྱི་ཚད་གཞི》བཟོས་ཏེ།  མཚོ་བྱང་ཁུལ་གྱི་ཁྱད་ལྡན་རྒྱལ་ཡོངས་སྔོན་ཐོན་གསོ་སྤེལ་ལག་རྩལ་ལ་གཞི་བཙུགས་ཏེ།  ཚད་ལྡན་གྱི་སྦྲུམ་མང་རྣམ་པའི་འབྲོག་ལུག་འདེམས་གསོའི་གོ་རིམ་ལག་བསྟར་བྱས་པ་དང་།  གསོ་སྤེལ་དང་འདོན་སྤྲོད་ལྟེ་གནས་བསྐྲུན་ཆེད།  ཞིང་ཕྱུགས་ལས་རིགས་ཀྱི་ནུས་ཕྱོད་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྒུལ་ཤུགས་བསྣོན་པར་སྐུལ་འདེད་བཏང་།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།