
ཟླ8པའི་ཚེས1ཉིན། ཨན་ཧོས་ཀྱིས་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བཟོ་པའི་དང་བླངས་ཞབས་ཞུའི་བྱ་འགུལ་མཚོ་སྔོན་ཞིང་ཆེན་ནས་བདེ་བླག་ངང་མཇུག་བསྒྲིལ། དུས་ཡུན་གཟའ་འཁོར་གཅིག་གི་བྱ་འགུལ་ཁྲོད་དུ། ཨན་ཧོས་ཞིང་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་བདེ་ཐང་ལུས་རྩལ་བཟོ་ཚོགས་བཅས་ཀྱིས་མཚོ་སྔོན་ལ་སློབ་རོགས་མ་དངུལ་བྱིན་པར་མ་ཟད། གསོ་རིག་ཆེད་མཁས་པ30ལྷག་རྩ་འཛུགས་བྱས་ཏེ་སྨན་བཅོས་རོགས་སྐྱོར་བྱ་བ་སྤེལ་ནས། ཞིང་ཆེན་གཉིས་ཀྱི་ཞིང་ཆེན་བརྒལ་བའི་སྦྲེལ་མཐུད་ཀྱིས་མཛེས་སྡུག་མཉམ་བསྐྲུན་བྱེད་པའི་ཞབས་ཞུའི་བྱེད་སྒོར་དོན་དངོས་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།
ཐེངས་འདིའི་བྱ་འགུལ་གྱིས་མངག་ཐོའི་རྣམ་པའི་གནད་འཁེལ་རོགས་སྐྱོར་བྱེད་ཐབས་ལག་བསྟར་བྱས། ཨན་ཧོས་ཞིང་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་བདེ་ཐང་ལུས་རྩལ་བཟོ་ཚོགས་ཀྱིས་མཚོ་སྔོན་གྱི་སྨན་བཅོས་དགོས་མཁོ་གཞིར་བཟུང་སྟེ། དབུགས་ལམ་ཚན་ཁག་དང་། མྱུར་སྐྱོར་བརྟག་བཅོས་ཚན་ཁག། ནད་པ་ལྕི་མོའི་ཚན་ཁག་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ20ལྷག་མངགས་ནས། མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་སོགས་རིམ་པ་གསུམ་པའི་སྨན་ཁང་ལྔ་རུ་ལས་དོན་སྤེལ་དུ་བཅུག ཆེད་མཁས་ཚོགས་པས་མཉམ་འབྲེལ་ནད་བརྟག་དང་། སློབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བརྟག་བཅོས་ལག་རྩལ་བརྒྱུད་སྤྲོད་བྱས་ལ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་བྲང་གཟེར་ལྟེ་གནས་ཀྱི་འཁྲབ་སྦྱོང་ཁྲོད་ཞུགས་ཤིང་། ལམ་ལུགས་འཛུགས་པ་དང་། བརྒྱུད་རིམ་ལེགས་སྒྱུར་སོགས་ཕྱོགས་ནས་ཆེད་ལས་མཛུབ་སྟོན་དང་བསམ་ཚུལ་བཏོན། བྱ་འགུལ་གྱི་སྐབས་སུ། ཞིང་ཆེན་གཉིས་ཀྱི་བཟོ་ཚོགས་ཀྱིས་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་མཉམ་དུ་སྤེལ་ནས། མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་དང་ཨན་ཧོས་ཞིང་ཆེན་གཉིས་ཀྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བཟོ་ཚོགས་ཀྱིས་མུ་མཐུད་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། གནད་འཁེལ་རོགས་སྐྱོར་ལ་བརྟེན་ནས་མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་བཟོ་ཚོགས་ཀྱིས་ལས་བཟོ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།