མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཆེད་ལས་སྦྱོང་བརྡར་གྱི་སྒར་ས་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

ཟླ8པའི་ཚེས4ཉིན་ནས་ཚེས8ཉིན་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཆེད་ལས་སྦྱོང་བརྡར་གྱི་སྒར་ས་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་ནས། གཅིག་བསྡུས་སློབ་ཁྲིད་དང་ཡུལ་དངོས་ལྟ་ཞིབ། རིགས་དབྱེ་རྟོག་ཞིབ། ཡུལ་དངོས་འཁྲབ་སྦྱོང་བཅས་ཀྱི་རྣམ་པར་བརྟེན་ཏེ། ཁྱོན་ཡོངས་དང་གནད་འཁེལ་རང་བཞིན་གྱི་ལས་བྱེད་རྩལ་ནུས་གསོ་སྦྱོང་བྱས།

ཐེངས་འདིའི་སྦྱོང་བརྡར་གྱི་སྒར་ས་རུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ངེས་སློབ་ཀྱི་ཚན་པར་བཞག་ཅིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། ཁྱོན་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་གལ་ཆེན་དག་ཀློག་འགྲེལ་བྱས་ལ། དེང་སྐབས་ཀྱི་གྲོང་ཁྱེར་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་འཕྲད་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་བྱས། སྦྱོང་བརྡར་གྱི་དུས་སྐབས་སུ། སློབ་མ་རྣམས་ཀྱིས་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་འཕེལ་རྒྱས་དང་། གྲོང་ཁྱེར་ཁོར་ཡུག་ཤོང་ཚད་དང་སྐྱེ་ཁམས་ཕྱོགས་བསྡུས་ཐེག་ཚད་ནུས་པ་མཐོར་འདེགས་སུ་བཏང་ནས། བཞུར་རྒྱུན་གྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་ལག་ལེན་དང་། ཞིང་གྲོང་གི་མི་སྡོད་ཁོར་ཡུག་བཅོས་སྐྱོང་། སྤུས་ཚད་མཐོ་བའི་བསླབ་ཚན་ཞིབ་འཇུག་སྙན་ཞུ་ཁག་བཞི་བཅས་ལ་བརྟེན་ནས། སྐྱེ་ཁམས་སྤུས་ཚད་མཐོ་བའི་སྲུང་སྐྱོབ་དང་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་ནུས་པ་གལ་ཆེན་ཐོན་ལ། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་ལ་ངོས་འཛིན་སྔར་ལས་གཏིང་ཟབ་བྱུང་དུ་བཅུག   

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།