གཅན་ཚ་རྫོང་གིས་སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྒྱུར་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་གནད་དོན་ཐག་བཅད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ཟླ7པའི་ཚེས7ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་ཀྲོའུ་ཞའོ་ཀོང་གིས་གསར་འགོད་པར་བཤད་རྒྱུར། སྤྱི་ལེ6.15ཡོད་པའི་ཨར་འདམ་ལྕགས་རྩིབ་མའི་ཆུ་འབུད་ཀྱི་སྒམ་བསྐྲུན་ནས་སྤྱོད་འགོ་བརྩམས་པ་དང་བསྟུན་ནས། གྲོང་ཁུལ་གཙོ་བོའི་ཆར་དུས་གྱི་ཆུ་ལོག་གི་གནད་དོན་ཐག་བཅད་པ་དང་། དེ་ནི་ང་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་།    སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ།    དམངས་ཚིས་དོན་དངོས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ཟེར།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཚུན་ལ། གཅན་ཚ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས་སྤྱོད་ཚུལ་འཛུགས་སྐྲུན་དང་དམངས་ཚིས་ཞབས་ཞུ་མཉམ་འདྲེས་དམ་ཟབ་བྱས་ཏེ།“སྙིང་སྟོབས་སློབ་སྦྱོང་དང་།    སྤྱོད་ཚུལ་བསྒྱུར་བ།    དོན་དངོས་སྒྲུབ་པ་བཅས་གཙོ་ཐིག་ཏུ་བྱས་ཏེ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ལས་ཁུངས་ནས་ཕྱིར་བསྐྱོད་པ་དང་། ལས་ཡུལ་དང་པོར་ཟབ་ཞུགས་བྱེད་པ། རང་འགུལ་གྱིས་དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་དྲིས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པའི་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་ནས།    དངོས་སྒྲུབ་དང་འགན་འཁུར་བའི་རྣམ་འགྱུར་གྱིས་དམངས་ཚིས་ཀྱི་བྱ་བ་ལེགས་པོར་བསྒྲུབས།

མང་ཚོགས་ཉེ་འགྲམ་གྱི་དོན་དག་ལ་དམིགས་ཏེ། གཅན་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་གནད་དོན་གྱི་ཁྲིད་ཕྱོགས་ལ་གནད་འཁེལ་གྱིས་ཤུགས་འདོན་པ་རྒྱུན་འཁྱོངས་བྱས། མང་ཚོགས་ཀྱི་འཚོ་བའི་སྙིགས་ཆུ་ཕྱིར་གཏོང་བྱས་པ་མི་བཟང་བས་མི་སྡོད་ཁོར་ཡུག་ལ་གནོད་པ་ཐེབས་པར་ཁ་གཏད་ནས། བཙོག་ཆུ་ཕྱིར་གཏོང་བཟོ་གྲྭའི་དུས་སྐབས་གསུམ་པའི་རྒྱ་བསྐྱེད་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སྤྱི་ལེ0.6ཡོད་པའི་གྲོང་སྲིད་བཙོག་ཆུ་སྦུག་དྲ་གསར་དུ་བསྐྲུན་ནས་བཙོག་ཆུ་བསྡུ་རུབ་དང་གཙང་སེལ་གྱི་ནུས་ཆོད་མཐོ་རུ་བཏང་། འཛུགས་སྐྲུན་ལས་ཡུལ་གྱི་བདེ་འཇགས་བཅོས་སྒྲིག་སྤེལ་ནས། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས14ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་།    བཅོས་སྒྲིག་གི་རྩིས་ཐོ་རེ་རེ་བཞིན་བཙུགས་ནས་རྗེས་འདེད་སྐུལ་སྒྲུབ་བྱས།     ཞིང་པ་ཞོར་ལས་པའི་གླ་ཕོགས་གཏོང་སྤྲོད་དང་ཆེད་དམིགས་ཞིབ་བཤེར་བྱེད་པ་དང་།    ཆུ་མགོའི་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱས། གཞན་ཡང་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ་སོལ་རླངས་བདེ་འཇགས་དང་།    མེ་ཟོན་བདེ་འཇགས།    འཕུར་ལམ་བཅོས་སྐྱོང་སོགས་ཆེད་དམིགས་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། མང་ཚོགས་སྡོད་གནས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་པོར་བསྐྲུན།

གཅན་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་མང་ཚོགས་ཀྱི་འབོད་སྐུལ་ཏེ་བྱ་བའི་གཙོ་གནད་དུ་བཞག་ནས། མང་ཚོགས་ཀྱི་སེམས་ཁྲལ་བྱེད་བཞིན་པར་དངོས་གནས་ཨ་ལན་སྤྲད་དེ། 12345སྲིད་དོན་ཞབས་ཞུའི་སྐུད་ལམ་གྱི་དོན་དག་སྣ99དང་། འཕྲིན་བཅར་གྱོད་དོན་གཉིས་ལྷག་ཕན་ནུས་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱས་ལ། ལས་འགྲུབ་ཚད100%ལ་སླེབས་ཡོད་པ་དང་། དུས་ལྟར་སྒྲུབ་ཚད 95%ལས་བརྒལ་ཡོད། ཁྲི་སྟོང་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་འཁོར་སྐྱོད་གཏིང་ཟབ་བྱས་ཏེ། མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་བཞི་ཁྲི་བརྒྱད་བཏང་ནས་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལས་གཞི་དང་ཁྱིམ་ཚང620ཡི་སྡོད་གནས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བ་དང་། རྒྱུན་རྣམ་ཅན་གྱིས་ཞིང་སྡེའི་སྡོད་ཁང་གི་བདེ་འཇགས་ཉེན་ཁ་ཞིབ་བཤེར་བྱས་པས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱས། སྡོད་ཁང་གི་འགན་སྲུང་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། རྫོང་མཁར་གྱི་སྤྱི་པའི་གླ་ཁང་སྡོད་ཁུལ་བཅུ་གཅིག་གི་ཁང་བ1988ལ་ཆེད་དམིགས་ཞིབ་བཤེར་བྱས་པ་དང་། སྒྲིག་འགལ་གྱིས་ཁང་བ་གཞན་ལ་གླ་བ་དང་ཆ་རྐྱེན་དང་མི་མཐུན་པའི་ཁྱིམ་ཚང་བཅས་ལ་ལྟ་སྐུལ་བཅོས་སྒྲིག་བྱས་ལ།    ཁྱིམ་ཚང44ཡི་སྤྲད་མེད་པའི་གླ་རིན་སྒོར་འབུམ་གསུམ་དང་ཁྲི་བརྒྱད་སྟོང་གཉིས་དྲུག་བརྒྱ་ལྷག་ཕྱིར་བསྡུ་བྱས་ཏེ།    བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་ཐོག་ནས་འགན་སྲུང་ཁང་པ་བགོ་བཤའ་རྒྱག་པའི་དྲང་བདེན་ལ་སྲུང་སྐྱོང་བྱས།

ཤ་བོ་རིན་མཚོས་བསྒྱུར།