མདའ་བཞི་རྫོང་གི་ཏང་ཡོན་ལས་བྱེད་པས་མཉམ་དུ་ཆུ་ལོག་སྔོན་འགོག་གི་བདེ་འཇགས་ལྕགས་རི་བསྐྲུན།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཚེས8ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཆུ་ལོག་མོད་པའི་དུས་ཚིགས་སླེབས་པ་ནས་བཟུང་། མདའ་བཞི་རྫོང་གིས་དུས་རྣམ་ཀུན་ཏུ་ཆུ་ལོག་སྔོན་འགོག་དང་གནོད་སེལ་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གོང་འོག་འབྲེལ་མཐུད་དང་ཏང་དང་མང་ཚོགས་གཅིག་སེམས་གཅིག་མཐུན་ཡིན་པའི་ཆུ་ལོག་སྔོན་འགོག་བདེ་འཇགས་ཀྱི་ལྕགས་རི་བསྐྲུན་ཡོད་ཟེར།

མདའ་བཞི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས《མདའ་བཞི་རྫོང་གི་ཆུ་ལོག་དང་ཐན་འགོག་གི“རིམ་པ་བཞིའི”འགན་སྲུང་འགན་འཁྲིའི་ལམ་ལུགས་ཀྱི་བྱ་བའི་ཇུས་གཞི》པར་འགྲེམས་བྱས་ནས། རྫོང་རིམ་པའི་འགོ་ཁྲིད་དང་རྫོང་སོ་སོའི་ཐད་གཏོགས་ལས་ཁུངས། ཡུལ་ཚོ་དང་གྲོང་རྡལ་ཁག་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ268ཡིས་སྲིད་འཛིན་གྲོང་ཚོ29དང་སྡེ་ཁུལ7ལ་འགན་སྲུང་འགན་འཁྲི་ལག་བསྟར་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། ཡུལ་ཚོ་དང་གྲོང་རྡལ་ཁག་དང་སྡེ་ཁག་སོ་སོས་ཆུ་ལོག་སྔོན་འགོག་གི་རང་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འགོ་ཁྲིད་གཙོ་བོས་དཀའ་ངལ་ཆེ་ས་ནས་བཀོད་འདོམས་བྱས་ནས། ཆུ་ལོག་སྔོན་འགོག་ལས་དོན་གྱི་འགན་འཁྲི་གྲོང་ཚོ་དང་ཁྱིམ་ཚང་། ཁྱིམ་མི་བཅས་ཚང་མར་བརྒྱུད་སྤྲོད་ཐུབ་པར་སྐུལ་འདེད་བཏང་།

ཡུལ་ཚོ་ཏང་ཨུ་ཡིས་ཕྱོགས་བསྡུས་སྣེ་ཁྲིད་དང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་བྱེད་པ། དྲ་མིག་ཅན་གྱི་མི་སྣས་འགན་འཁུར་བ། ཏང་ཡོན་མང་ཚོགས་མཉམ་ཞུགས་བྱེད་པ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་དྲ་བའི་མ་ལག་བསྐྲུན་ཏེ། ཏང་ཡོན་གདོང་ལེན་གྱི་ལས་གནས52བཙུགས་པ་དང་། ཏང་ཡོན་འཕྲལ་རྒོལ་རུ་ཁག15དང་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག8བཙུགས་ནས། འགལ་རྐྱེན་ལ་ཞིབ་བཤེར་དང་སྐོར་གཡེང་སྐོར་ཞིབ་སྒོས་ལས་རེས་སྲུང་བ། གནས་སྤོར་བཀོད་སྒྲིག་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་ཡོད།  “གྲོང་ཚོ་དང་སྤྱི་ཚོགས་མཉམ་འབྲེལ་ལམ་སྲོལ་འཛུགས་སྐྲུན”དང་ཟུང་འབྲེལ་བྱས་ཏེ། ཆུ་ལོག་སྔོན་འགོག་ཉེན་སྐྱོབ་ནང་སྦྱོང་ཐེངས5མཉམ་འབྲེལ་སྒོས་སྤེལ་བ་དང་། ཏང་ཡོན་བྱེད་སྒོ་ཁང་སོགས་གནས་ཡུལ་ལ་བརྟེན་ནས་གནས་སྐབས་བཀོད་སྒྲིག་བྱ་ཡུལ16བཙུགས་པ་དང་། ཆུ་ལོག་སྔོན་འགོག་དངོས་ཟོག་ལྔ་ཁྲི་དགུ་སྟོང་བདུན་བརྒྱ་བཀོད་སྒྲིག་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཕྲལ་བསྟུན་ཐག་གཅོད་ནུས་པ་དང་མང་ཚོགས་ཀྱི་ཆུ་ལོག་སྔོན་འགོག་འདུ་ཤེས་མངོན་གསལ་སྒོས་ཇེ་མཐོར་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།