ཆུ་འཐུང་དུས་ཆུ་མགོ་དྲན་པ་སྟེ་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་འཚོལ་ཞིབ་བྱེད་པ་ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ8པའི་ཚེས11ཉིན། ཆུ་འཐུང་དུས་ཆུ་མགོ་དྲན་པ་སྟེ་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་འཚོལ་ཞིབ་བྱེད་པ་ཞེས་པའི་སྤྱི་ཕན་བྱེད་སྒོ་སྐབས་ལྔ་པ་ཟི་ལིང་ནས་སྤེལ་འགོ་བརྩམས།    བྱེད་སྒོས་སྤྱི་ཚོགས་ཕྱོགས་སོ་སོའི་འཐུས་ཚབ་པ་རྨ་འབྲི་རྫ་གསུམ་མགོ་ཁུངས་ལ་ཡུལ་དངོས་སུ་ཉམས་ལེན་བྱེད་པར་རྩ་འཛུགས་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་གྱི་གལ་ཆེ་བའི་སྐྱེ་ཁམས་རིན་ཐང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་དབུས་སྨད་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ཆེད་དུ་བློས་གཏོང་བྱས་པ་དང་བཞག་པའི་བྱས་རྗེས་དྲིལ་བསྒྲགས་བྱས་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པར་སེམས་ཤུགས་གཅིག་སྒྲིལ་དང་ཐབས་ལམ་གེགས་མེད་ཡོང་བར་བྱས་ཤིང་། དེར་སྟེགས་བུ་བསྐྲུན་ནས། སྤྱི་དམངས་རྣམས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་འཛུགས་སྐྲུན་དང་ཉེ་བར་བཅར་པ་དང་དེར་རྒྱུས་ལོན་དང་ཟབ་ཞུགས་བྱེད་པར་གོ་སྐབས་རྩ་ཆེན་འདོན་སྤྲོད་བྱས།

ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཁེ་ལས་པ་དང་། སྐྱེ་ཁམས་ལ་དགའ་བའི་མི་སྣ་དང་དངུལ་རྩའི་མ་ལག་གི་འཐུས་མི་སོགས་མི70ལྷག་ཉིན་ལྔ་ཡི་ནང་དུ་འབྲི་ཆུའི་མགོ་ཁུངས་དང་། རྨ་ཆུའི་མགོ་ཁུངས་དང་རྫ་ཆུའི་མགོ་ཁུངས་འཚོལ་ཞིབ་བྱེད་པའི་འགྲུལ་བཞུད་ལ་ཞུགས་ཏེ། གཙང་གསུམ་བཞུར་རྒྱུད་དུ་སོང་སྟེ། ཡུལ་དངོས་སུ་རྨ་ཆུ་དང་རྫ་ཆུ། འབྲི་ཆུ་བཅས་ཀྱི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་སུ་མྱངས་པ་དང་། ས་དེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་དང་འབྲོག་པ་མང་ཚོགས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལ་ཞུགས་པའི་ལག་ལེན་གྱི་ཉམས་མྱོང་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་དུ་ཚན་རྩལ་གྱིས་ནུས་པ་བཏོན་པའི་གྲུབ་འབྲས་བཅས་ལ་རྒྱུས་ལོན་བྱས།

ཐེངས་འདིའི་བྱེད་སྒོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། གཏེར་ལྔ་རྒྱལ་སྤྱིའི་ཡིད་རྟོན་མངགས་བཅོལ་ཚད་ཡོད་ཀུང་ཟི།  ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་རེད།