མཚོ་བྱང་ཁུལ་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ལག་ཤེས་བཟོ་ལས་པའི་བརྩམས་ཆོས་འགྲེམས་སྟོན་དང་དཔྱད་བསྡུར་བྱ་འགུལ་སྤེལ་འགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ8པའི་ཚེས12ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་སོགས་ལས་ཁུངས་ལྔ་ཡིས་གཙོ་སྒྲུབ་བྱས་པའི“གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་རྩལ་ནུས་ཉམས་འགྱུར་སྟོན་པ། བཟོ་རྩལ་པའི་ཕུགས་འདུན་བསྐྲུན་པ”བརྗོད་བྱ་གཙོ་བོར་བྱས་པའི་མཚོ་བྱང་ཁུལ་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་། དེ་མིན་ལག་ཤེས་བཟོ་བའི་བརྩམས་ཆོས་འགྲེམས་སྟོན་དང་དཔྱད་བསྡུར་བྱ་འགུལ་མཚོ་བྱང་ཁུལ་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིར་འགོ་བརྩམས་པ་དང་། ཁུལ་ཡོངས་ཀྱི་ཕུལ་བྱུང་རྩལ་ནུས་འཇོན་མི69འགྲན་བསྡུར་ནང་ཞུགས་ཡོད།

འགྲན་བསྡུར་ཆེན་པོའི་ནང་གཙགས་དྲུབ་གཙགས་པ་དང་། ཀོ་བའི་བཟོ་རྩལ་སྒྲིག་བཟོ། བརྐོས་རིས་ལག་རྩལ་སོགས་རྣམ་གྲངས7བཙུགས་ཡོད་པ་དང་། དེའི་ནང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་དེང་རབས་ཞབས་ཞུ།  དེ་མིན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མངའ་ཁོངས་བཅས་ཚུད་ཡོད་པས། གཟུགས་འདས་ཤུལ་བཞག་རྒྱུན་འཛིན་ལ་དམིགས་ཡོད་པ་མ་ཟད་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཡང་འཚམ་ཡོད།   བྱ་འགུལ་ལས“ཡུལ་དངོས་འགྲན་བསྡུར་དང་བརྩམས་ཆོས་འགྲེམས་སྟོན”གྱི་རྣམ་པ་སྤྱད་པ་དང་།    འགྲན་བསྡུར་དེ་ཁུལ་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞི་དང་། ཁུལ་ལས་རིགས་སློབ་གྲྭ་དེ་མིན་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་བཅས་སུ་སྤེལ།    ལག་ཤེས་མི་སྣའི་བརྩམས་ཆོས་འགྲེམས་སྟོན་ཏེ་རྡུལ་ཕྲན་གྲོང་གི་ཐང་ཆེན་དུ་སྤེལ་བ་དང་།    ལྟ་རོལ་རང་བཞིན་དང་ཟབ་ཞུགས་པའི་རང་བཞིན་གཉིས་ལྡན་གྱི་རྩལ་ནུས་གསོལ་སྟོན་ཆེན་པོ་བཤམ་ཡོད།

ཐེངས་འདིའི་བྱ་འགུལ་གྱིས་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་བཏང་བ་དང་། དེས་ལས་རིགས་རྩལ་ནུས་གསོ་སྦྱོང་གི་གྲུབ་འབྲས་འགྲེམ་སྟོན་བྱས་པ་མ་ཟད།    རྩལ་ནུས་མཐོ་བའི་འཇོན་མི་གསོ་སྐྱོང་དང་བཟོ་བའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྔར་ལས་རམ་འདེགས་བྱས་ཏེ། ལག་རྩལ་རྣམ་པའི་ངལ་རྩོལ་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་།“མཚོ་བྱང་གི་འཕེལ་རྒྱས་འཐབ་ཇུས་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་འདོན་སྤྲོད་བྱས་ཡོད།

ཤ་བོ་རིན་མཚོས་བསྒྱུར།