
ཟླ8པའི་ཚེས12ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞོད་དུས་ཀྱི་གནད་འགག་གི་དུས་སྐབས་སུ། མཚོ་སྔོན་གྱིས་རྒན་གསོའི་ཞབས་ཞུའི་འབུར་ཐོན་གནད་དོན་བཅོས་སྒྲིག་ལ་དམིགས་ནས་གསལ་ཐོ་གསུམ་གཙོར་བཟུང་ནས་འགན་འཁྲི་ནན་དཀྲི་དང་ཉེན་ཁ་གྲལ་བཤེར་གནད་ལ་འཁེལ་བ། འཕྲལ་བསྟུན་གྱི་གྲ་སྒྲིག་ཇེ་བཟང་དུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྒན་གསོ་ལས་ཁུངས་ཀྱིས་ཞོད་དུས་བདེ་འཇགས་ངང་བརྒལ་བར་འགན་སྲུང་བྱས།
མིག་སྔར། ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་དང་རྒན་གསོ་ལས་ཁུངས་ཀྱིས་ཞོད་འགོག་དུས་ཀྱི་བླང་བྱ་ལག་བསྟར་ནན་མོ་བྱས་ནས་ཞོད་དུས་ཀྱི་འཕྲལ་བསྟུན་སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། གསལ་ཐོ་གསུམ་གྱི་དོ་དམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རིམ་པ་སོ་སོའི་འགན་འཁྲིའི་གསལ་ཐོ་ཁ་གསལ་བཟོ་བ་དང་། ཞོད་དུས་ཉེན་ཁ་ཆེ་བའི་ལས་ཁུངས་ཀྱི་ཞོད་དུས་དང་འབྲེལ་བའི་རྒན་གསོ་ལས་ཁུངས་ཀྱི་ཉེན་ཁའི་གསལ་ཐོ་བཟོ་བ། འཕྲལ་བསྟུན་གྲ་སྒྲིག་དང་བྱེད་ཐབས་ཀྱི་གསལ་ཐོ་བཟོ་དགོས། རྒན་གསོའི་ལས་ཁུངས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ཅོག་ཐོ་ཁ་གསལ་བཟོ་བ་དང་ཨང་ཐོ་མེད་པར་བཟོ་བའི་དོ་དམ་ལག་བསྟར་བྱས་ནས་བཅོས་སྒྲིག་བྱེད་ཐབས་དང་དུས་ཡུན། འགན་ཁུར་བ་བཅས་དོན་འཁྱོལ་གསུམ་ལ་ཁག་ཐེག་བྱ་དགོས།
ཞོད་དུས་བདེ་འཇགས་བྱ་བ་དེ་རྒན་གསོའི་ཞབས་ཞུའི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པའི་ཁྲོད་འདྲེས་པར་བྱས་ཏེ། བདེ་འཇགས་དང་ཉིན་རྒྱུན་གྱི་དོ་དམ་གཉིས་དམ་འཛིན་བྱ་དགོས། མེ་ཟོན་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་མེ་ཟོན་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཞིག་གསོ་བྱས་ཏེ། དུས་ལྟར་ལས་བཟོ་བ་རྩ་འཛུགས་བྱས་ནས་མེ་ཟོན་རྩལ་ནུས་སྦྱོང་བརྡར་བྱ་དགོས། ཟ་ཁང་གི་གོ་རིམ་ཧྲིལ་བོར་དོ་དམ་ནན་མོ་བྱས་ཏེ། ཟས་རིགས་ཉོ་བསྡུ་དང་ལས་སྣོན། ཉར་འཇོག་སྒྲིག་སྲོལ་དོ་དམ་ཇེ་དྲག་ཏུ་གཏོང་བ་། དུས་ལྟར་འཕྲོད་བསྟེན་ལ་ཞིབ་བཤེར་བྱ་དགོས། ལས་རེས་ལས་སྲུང་བྱ་བར་ཤུགས་བསྣན་ནས་འཕྲལ་བསྟུན་དངོས་ཟོག་འདང་ངེས་གྲ་སྒྲིག་བྱེད་པ་དང་གནས་སྤོར་ཉེན་གཡོལ་གྱི་གྲ་སྒྲིག་ལེགས་པར་བསྒྲུབ་ནས་ཞབས་ཞུའི་སྒྲིག་གཞི་ཚད་ལྡན་དུ་གཏོང་དགོས་ལ། ལྟ་སྐྱོང་བའི་གསོ་སྦྱོང་ལ་ཤུགས་བསྣན་ནས་རྒན་པའི་ལུས་སེམས་བདེ་ཐང་ལ་དོ་སྣབ་བྱེད་པ་དང་། ཕྱོགས་མང་པོའི་སྤུས་ཚད་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱ་བར་འགན་སྲུང་བྱ་དགོས།
མི་ཕམ་གྱིས་བསྒྱུར།