མར་སྟེང་ཆུ་གློག་ས་ཚིགས་བསྟུད་མར་ཉིན་ལྔ་བརྒྱ་ལ་བདེ་འཇགས་ངང་འཁོར་སྐྱོད་བྱས།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 6

2025ལོའི་ཟླ8པའི་ཚེས15ཉིན་བར་དུ།   རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་སྔོན་མར་སྟེང་ཆུ་གློག་ས་ཚིགས་ཀྱིས་བསྟུད་མར་ཉིན500ལ་བདེ་འཇགས་བརྟན་འཇགས་སྒོས་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱས་པ་དང་།   གློག་གཏོང་ཚད་བསྡོམས་པས་སྟོང་ཝ་དུས་ཚོད་ཐེར་འབུམ་ལྔ་དང་དུང་ཕྱུར་དྲུག་ལས་བརྒལ་ཏེ།   ནུབ་བྱང་ས་ཁུལ་གྱི་ནུས་ཁུངས་འདོན་སྤྲོད་དང་ལྗང་མདོག་འཕེལ་རྒྱས་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

ཐོན་སྐྱེད་བྱས་པ་ནས་བཟུང་།  མར་སྟེང་ཆུ་གློག་ས་ཚིགས་ཀྱིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་དང་པོ་དང་སྔོན་འགོག་གཙོར་འཛིན། ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཕྱོགས་ལག་བསྟར་བྱས་པ་དང་།   རིག་ནུས་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་དེ་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་ལ་དུས་ཐོག་ཏུ་རྗེས་འདེད་བྱས་ནས།   མི་མངོན་པའི་རྐྱེན་ངན་ཞིབ་བཤེར་དང་ཉེན་ཁ་རིགས་བགར་དོ་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱས། ཆུ་གློག་ས་ཚིགས་དེས་སྒྲིག་ཆས་ཐད་ཀྱི་སྐོར་ཞིབ་བྱས་ཚད་ཐེངས་སྟོང་གཉིས་ལས་བརྒལ་བ་དང་།    ཆུ་གློག་ས་ཚིགས་ཀྱི་འཁོར་སྐྱོད་སྲུང་སྐྱོབ་མི་སྣ་ཡོངས་ཀྱིས་བདེ་འཇགས་དམིགས་འབེན་དུ་བྱས་ནས།   རིག་ནུས་ལྟ་ཞིབ་ཚོད་འཛིན་དང་མིས་བཟོས་སྐོར་ཞིབ།   འཕྲལ་བསྟུན་མཉམ་སྒུལ་གྱི་འཁོར་སྐྱོད་སྲུང་སྐྱོབ་མ་ལག་བཙུགས་པ་དང་།    AIབརྩི་ཐབས་ཀྱིས་བྱ་བའི་རྒྱུན་ལྡན་མིན་པའི་གནས་ཚུལ་རང་འགུལ་ངང་ཤེས་རྟོགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  ཆག་སྐྱོན་ཉེན་བརྡའི་ཡང་དག་ཚད་བརྒྱ་ཆའི་གོ་བརྒྱད་ཡན་ལ་སླེབས།

ད་ལོའི་དབྱར་ཁར།   ཆུ་གློག་ས་ཚིགས་དེའི་གློག་གཏོང་ཚད་དུས་མཉམ་དང་བསྡུར་ན་མངོན་གསལ་གྱིས་ཇེ་མཐོར་སོང་ནས།   ས་གནས་ཁེ་ལས་ཀྱི་ཐོན་སྐྱེད་དང་སྡོད་དམངས་ཀྱི་གློག་བཀོལ་དགོས་མཁོར་འགན་སྲུང་བཟང་བོ་བྱས།   དེ་མིན།   ཆུ་གློག་ས་ཚིགས་དེས་བསྡོམས་པས་དབྱང་གཉིས་ཐཱན་རྫས་ཏུན་ས་ཡ་བརྒྱད་དང་འབུམ་དགུ་ཁྲི་བདུན་ཉུང་གཏོང་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཐཱན་གཉིས་དམིགས་འབེན་ལག་བསྟར་བྱས་ཏེ།   རྒྱལ་ཁབ་ཀྱི་ནུབ་གློག་ཤར་སྐྱེལ་འཐབ་ཇུས་དང་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་འདེགས་སྐྱོར་གལ་ཆེན་དུ་གྱུར།

ལྷ་མོ་ཚེ་རིང་གིས་བསྒྱུར།