འབྲི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྐབས་གཉིས་པའི་བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ8པའི་ཚེས17ཉིན། གཙང་པོའི་འགོ་ཁུངས་ཀྱི་ཡུས་ཧྲུའུ·སྐྱེ་ཁམས་ཀྱི་འབྲི་སྟོད་ཅེས་པའི། འབྲི་ཆུའི་འགོ་ཁུངས་ཀྱི་རིག་གནས་ཡུལ་སྐོར་སྐབས་གཉིས་པའི་བྱེད་སྒོ་རབ་དང་རིམ་པ་ལས་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་དངོས་སུ་སྤེལ་འགོ་བརྩམས་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཁྲབ་སྟོན་རུ་ཁག་གིས་རྒྱ་ཆེའི་ལྟད་མོ་བ་ཚོར་དམངས་སྲོལ་ཡུལ་ཁམས་རིག་གནས་དང་སྐྱེ་ཁམས་ཀྱི་མཛེས་སྡུག་གཞི་རྩ་ཡིན་པའི་ལྟད་མོ་ངོ་མཚར་ཅན་གང་མང་ཕུལ།

ད་ཐེངས་ཀྱི་སྐོར་སྐྱོད་འཁྲབ་སྟོན“གཙང་པོའི་འགོ་ཁུངས་ཀྱི་ཡུས་ཧྲུའུ·སྐྱེ་ཁམས་ཀྱི་འབྲི་སྟོད”ཅེས་པ་དངོས་སུ་སྤེལ་བ་དེས། འབྲི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ་འགོ་བརྩམས་པ་མཚོན་ཞིང་། ཐེངས་འདིའི་སྐོར་སྐྱོད་འཁྲབ་སྟོན་བྱས་པ་བརྒྱུད་དེ། ལྟད་མོ་བ་ཚོས་འབྲི་སྟོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་ཡུལ་ཁམས་རིག་གནས་དང་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་ཚོར་ཐུབ་པར་བྱས་ལ། འབྲི་སྟོད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་བདེན་དཔང་གང་ལེགས་བྱས། དེ་མིན་ད་དུང་འབྲི་སྟོེད་རྫོང་གིས་མ་འོངས་པར་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་རྒྱུན་ཆད་མེད་པར་སྔོག་འདོན་དང་དར་སྤེལ་བཏང་ནས། མི་སྔར་ལས་མང་པོ་ཞིག་གིས་ངོ་མཚར་ཆེ་བའི་ས་ཆ་འདིར་རྒྱུས་ལོན་དང་དགའ་མོས་བྱེད་དུ་འཇུག་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།