མཚོ་སྔོན་ཞིང་ཆེན་གྱིས2025ལོའི་ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་དཔེ་འཐེན་ཞིབ་དཔྱད་ཚད་ལེན་ལས་འགན་གོ་རིམ་ལྡན་པའི་ངང་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ8པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆབ་སྲིད་གླེང་བ། ལྟ་སྐུལ་དོ་དམ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བདེ་འཇགས་ཁག་ཐེག་བྱེད་པའི་བྱ་བའི་སྤྱིའི་བསམ་ཕྱོགས་གཞིར་བཟུང་ནས། གཅིག་གྱུར་གྱིས་འཆར་གཞི་བཟོ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གཅིག་གྱུར་གྱིས་རྩ་འཛུགས་ལག་བསྟར་བྱེད་པ། གཅིག་གྱུར་གྱིས་གཞི་གྲངས་ཕུལ་བ།      གཅིག་གྱུར་གྱིས་གྲུབ་འབྲས་བཀོལ་སྤྱོད་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་སྤོ་རྒྱུར་བྱེད་པ་ཏན་ཏིག་སྒོས་སྐུལ་འདེད་གཏོང་བ། ཞིང་ཆེན་གྱིས་ཁུལ་དང་གྲོང་ཁྱེར་ལ་དཔེ་འཐེན་ཞིབ་དཔྱད་ཚད་ལེན་བྱེད་པ། ཁུལ་དང་རྫོང་གི་རིམ་པ་བཞི་ཅན་གྱི་ཟས་རིགས་བདེ་འཇགས་དཔེ་འཐེན་ཞིབ་དཔྱད་ཚད་ལེན་འགན་འཁྲི་དང་། སྤྱིའི་ཐེངས་གྲངས་ཁྲི་གསུམ་དང་སྟོང་བརྒྱད་བརྒྱད་བརྒྱ་དྲུག་ཅུ་ཟིན།

ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲོམ་རའི་ལྟ་སྐུལ་སྡེ་ཁག་སོ་སོ་རྩ་འཛུགས་བྱས་ནས།  རྒྱུན་མཐུད་ངང་ཟས་རིགས་བདེ་འཇགས་དཔེ་འཐེན་ཞིབ་དཔྱད་ཚད་ལེན་བྱ་བའི་ཚད་གཞི་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྲིད་འཛིན་ཆེད་སྤྱོད་གོ་རིམ་ཚད་གཞི་བཅས་གཞིར་བཟུང་ནས།  ལོ་ཧྲིལ་བོའི་དཔེ་འཐེན་ཞིབ་དཔྱད་ཚད་ལེན་འགན་འཁྲི་ལ་སྐུལ་འདེད་གཏོང་བ། དཔེ་འཐེན་བྱས་ནས་ཚད་གཞི་མ་ལོན་པའི་ཟས་རིགས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ། ཤེས་པ་ངེས་པར་དུ་ཐག་གཅོད་པ་དང་། ཁྲིམས་འགལ་ངེས་པར་དུ་བདའ་འདེད་བྱེད་དགོས་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་རྫས་ཚོད་འཛིན་དང་། འབྱུང་ཁུངས་འཚོལ་ཞིབ་ལེགས་པོ་བྱེད་པ། རྒྱུ་རྐྱེན་འཚོལ་ཞིབ་བྱེད་པ། སྲིད་འཛིན་ཆད་པ་གཅོད་པ། བཅོས་སྒྲིག་དོན་འཁྱོལ་བཅས་ཀྱི་དོན་འཁྱོལ་ལྔ་མངོན་འགྱུར་ཡོང་བར་འགན་ལེན་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་དམར་ཐིག་མཐའ་གཅིག་ཏུ་སྲུང་འཛིན་བྱས།

ཏིང་འཛིན་མཚོ་མོས་བསྒྱུར།