མཚོ་སྔོན་གྱི་སྨན་པས་སེམས་ཞིབ་མོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་སྲུང་སྐྱོབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ8པའི་ཚེས19ཉིན་ནི་སྐབས་བརྒྱད་པའི་ཀྲུང་གོའི་སྨན་པའི་དུས་ཆེན་ཡིན་པ་དང་། ད་ལོའི་དུས་ཆེན་གྱི་བརྗོད་གཞི་ནི་སྤྱོད་ཡོན་གཉིས་ལྡན་དང་ལག་རྩལ་ལ་བྱང་ཆུབ་པ་ཞེས་པ་དེ་ཡིན། སྨན་པའི་བླ་ན་མཐོ་བའི་ཀུན་སྤྱོད་ཁྱབ་སྤེལ་བྱས་ནས།  སྨན་པའི་བྱམས་སེམས་མངོན་པར་བྱེད་ཆེད།  ཟླ8པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་ཉེ་འགྲམ་གྱི་དཔེ་མཚོན་རང་བཞིན་གྱི་སྔོན་ཐོན་བྱ་གཞག་སྙན་ཞུའི་ཚོགས་འདུ་མཚོ་སྔོན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སུ་བསྡུས། 

ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་སྨན་པའི་མཐུན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་གནས་ཚུལ་སྙན་ཞུ་བྱས། རྒྱལ་ཡོངས་ཀྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་གཅིག་དང་། པའེ་ཆའོ་འུན་གྱི་བྱ་དགའ་ཐོབ་མཁན་གཅིག  རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གི་སྔོན་ཐོན་བྱ་བ་སྒྲུབ་མཁན་བརྒྱད། རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་མ་ལག་གི་སྔོན་ཐོན་ཐུན་མོང་བྱ་དགའ་ཐོབ་མཁན་བརྒྱད། ཀྲུང་གོའི་བཟོ་སྐྲུན་སློབ་གླིང་གི་ཡོན་ཧྲི། བདུན་གཅིག་གཟེངས་རྟགས་ཐོབ་མཁན་ཝུའུ་ཐེན་དབྱི་ཡིས་ཀྲུང་གོའི་སྨན་པས་དམ་བཅའ་བཞག་པ་དང་ཚོགས་འདུར་ཞུགས་པའི་སྨན་དོན་མི་སྣས་དམ་བཅའ་བཞག  དེའི་རྗེས་ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་ཚབ་བྱས་པའི་སྔོན་ཐོན་སྨན་དོན་བྱ་བ་སྒྲུབ་མཁན་གྱིས་མི་རྣམས་ལ་འབད་བརྩོན་སྐུལ་སློང་དང་སེམས་འགུལ་ཐེབས་པའི་སྔོན་ཐོན་བྱས་རྗེས་སྙན་ཞུ་བྱས་པ་དང་། བདེ་ཐང་མཚོ་སྔོན་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་གཅིག་ཏུ་བསྡུས། 

ཞིང་ཆེན་སྨན་པའི་མཐུན་ཚོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས།  སྨན་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཐོན་ཁུངས་མ་འཇོག་བརྩོན་ལེན་ཧུར་ཐག་བྱས་ནས་ན་གཞོན་སྨན་པར་སློབ་སྦྱོང་དང་གསོ་སྦྱོང་གི་གོ་སྐབས་དང་འཕེལ་རྒྱས་ཀྱི་བར་སྟོང་དེ་ལས་མང་པོ་མཁོ་འདོན་བྱེད་དགོས། ཆེད་མཁས་པ་རྒན་གྲས་དང་རིག་ཚན་སྣེ་ཁྲིད་པ་བརྒྱུད་ནས་རོགས་རམ་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། མཛུབ་སྟོན་དགེ་རྒན་ལམ་ལུགས་བཙུགས་ནས་ན་གཞོན་སྨན་པ་མགྱོགས་མྱུར་ངང་འཚར་ལོངས་ཡོང་བར་རོགས་རམ་བྱེད་དགོས། མཐོ་སློབ་དང་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས་མཉམ་འབྲེལ་གྱིས་སྤེལ་ཏེ་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་བྱང་ཚད་མཐོ་བའི་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། གྲུབ་ཆ་ལུགས་མཐུན་དང་བྱང་ཚད་ལྡན་པ།  གསོན་ཤུགས་ཀྱིས་ཁེངས་པའི་སྨན་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱས་ནས།  དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་། 

ཏིང་འཛིན་མཚོ་མོས་བསྒྱུར།