མཚོ་སྔོན་ཞིང་ཆེན་གྱིས་འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་པ་དང་བློ་མཐུན་རྒན་པར“ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི”རྗེས་དྲན་རྟགས་མ་སྤྲད།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་པ་དང་བློ་མཐུན་རྒན་པར་རྗེས་དྲན་རྟགས་མ་སྤྲད་དེ་བླ་ན་མེད་པའི་གུས་འདུད་ཞུས།

རྗེས་དྲན་རྟགས་མ་ནི་ལོ་རྒྱུས་ཀྱི་གཟེངས་རྟགས་ཡིན་ལ། བསམ་པའི་སྟེང་གི་དཔལ་འབར་ཞིག་ཀྱང་ཡིན། འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་པ་དང་བློ་མཐུན་རྒན་པ་རྣམས་ཀྱིས་ལང་ཚོ་ཡི་ཁྲག་དྲོན་གྱིས་བསྐྲུན་པའི་རྒྱལ་གཅེས་རྡོ་རིང་དེ་ཉིད་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་ཏེ། དཔའ་བོ་ལ་བརྩི་བཀུར་དང་དཔའ་བོར་རྗེས་དྲན་བྱེད་པའི་དད་སེམས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་འཇུག་དགོས། ད་ཐེངས་ཀྱི་རྗེས་དྲན་རྟགས་མ་སྤྲོད་པའི་ལས་དོན་འདིའི་སྟེང་ནས་ཏང་དང་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་པ་དང་བློ་མཐུན་རྒན་པ་རྣམས་ཀྱིས་བཞག་པའི་ལོ་རྒྱུས་བྱས་རྗེས་ལ་བླ་ན་མེད་པའི་བསྟོད་བསྔགས་དང་གུད་འདུད་ཞུ་བཞིན་པ་སྒོ་དུ་མ་ནས་མཚོན་ཐུབ་ལ། འཐབ་འཛིང་པ་རྒན་པ་རྣམས་ལ་བརྩི་བཀུར་དང་གུས་བཀུར་བྱེད་པའི་ལས་དོན་དོན་འཁྱོལ་གང་ལེགས་བྱས་པ་མངོན་པར་མཚོན་ཐུབ།

བན་དེ་སྐྱབས་ཀྱིས་བསྒྱུར།