
ཟླ8པའི་ཚེས25ཉིན། ཞིང་ཆེན་དང་གྲོང་ཁྱེར། ཆུའུ་བཅས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ལས་རིགས་སོ་སོ་དང་མཉམ་འབྲེལ་བྱས་ཏེ། མཁར་ཤར་གསར་སྤེལ་ཁུལ་ཐང་ཆེན་ནས་དབང་བོ་སྐྱོན་ཅན་སྔོན་འགོག་ཉིན་མོའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། ཐེངས་འདིའི་བྱ་འགུལ་གྱིས་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱས་ཏེ་བདེ་ཐང་འཚོ་བ་མཉམ་དུ་བསྐྲུན་ཞེས་པ་བརྗོད་སྙིང་དུ་བྱས་ཤིང་། མི་དམངས་མང་ཚོགས་ཀྱིས་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་གཏོང་བ་དམིགས་ཡུལ་དུ་བཟུང་ནས། སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་ལས་དོན་ལ་མཉམ་དུ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན།
བྱ་འགུལ་ཡུལ་དངོས་སུ། སྲིད་ཇུས་དྲིལ་སྒྲོག་དང་ཚན་རྩལ་གྱིས་དབང་བོ་སྐྱོན་ཅན་ལ་རོགས་འདེགས་བྱེད་པའི་འགྲེམ་ཁུལ་སོགས་བཀོད་སྒྲིག་བྱས་ཏེ། དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་འདུ་ཤེས་ཆགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། སྲིད་ཇུས་དྲིལ་སྒྲོག་ཁུལ་དུ། འགྲེམ་སྟོན་པང་ལེབ་དང་དྲིལ་སྒྲོག་ལག་དེབ་སྟེར་བ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་དབང་བོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་མང་པོ་ཁྱབ་གདལ་དུ་བཏང་ལ། བསྡོམས་པས་རྒྱུ་ཆ་སྟོང་གཅིག་ལྷག་བྱིན་པ་དང་མི་ཉིས་བརྒྱ་སུམ་ཅུ་ལལ་སྣེ་ལེན་བྱས།
ཐེངས་འདིའི་བྱ་འགུལ་གྱིས་སྤྱི་ཚོགས་ཀྱིས་དབང་བོ་སྐྱོན་ཅན་སྔོན་འགོག་ལ་དོ་ཁུར་བྱེད་ཚད་ནུས་ཡོད་སྒོས་མཐོར་འདེགས་བཏང་བ་དང་། དམངས་ཡོངས་ཀྱི་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་བར་མ་ཟད། མང་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཐད་ཀྱི་ངོས་ཟིན་གཏིང་ཟབ་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་དབང་བོ་སྐྱོན་ཅན་ལ་གཅེས་སྐྱོང་དང་དབང་བོ་སྐྱོན་ཅན་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན།
ལྷ་མོ་ཚེ་རིང་གིས་བསྒྱུར།